ས་གནས་ཀྱི་སྐུ་ངོ་འགའ་ཤས་ཀྱིས་མི་མང་གི་བསམ་ཚུལ་འདོན་འཇུག་གི་མི་འདུག

ས་གནས་ཀྱི་ངོ་འགའ་ཤས་ཀྱིས་མི་མང་ལ་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བསམ་ཚུལ་བཏོན་ན་ཡང་། འདོན་འཇུག་གི་མི་འདུག། བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་མི་མང་ལ་གསར་སྒྲགས་དང་ཚོགས་འདུ་དང་ལྟ་ཅི། ཐ་ན་མི་མང་གི་ནང་ནས་གཞུང་ལ་ལྷག་བསལ་གྱིས་བསམ་ཚུལ་ཞུ་འབུལ་བྱེད་པར་ཆེད་བཅར་ཕྱིན་ཡང་ཕྱིར་འབུད་བཏང་འདུག ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གིས་བཅའ་ཁྲིམས་བསྐྱར་བཅོས་སྐོར་གྱི་བྱེད་ཕྱོགས་དང་། སེར་བྱེས་ཏྲེ་ཧོར་ཁན་ཚན་ལ་བསྔགས་བརྗོད་ཡོད། སྐབས་འདིར་བཅའ་ཁྲིམས་བསྐྱར་བཅོས་བྱ་ཕྱོགས་འདི་ནི་གལ་ཆེ་དོན་ཆེ་དུ་སོང་ཙང་། མི་མང་གི་བསལ་ཚུལ་དང་ལེགས་ཆ་གང་ཡོད་ཚོགས་ཆེན་དང། གྲོས་ཚོགས་འཁྱེར་ཐུབ་པ་བྱུང་ན་དགེ་མཚན་མངོན་ཡང་། ས་གནས་ཀྱི་འགོ་བྱེད་ཚོས་འགོ་སྡོམ་གྱིས་འགྲོ་ས་རག་གི་མི་འདུག
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བཅའ་ཁྲིམས་བསྐྱར་བཅོས་སྐོར་གྱི་བགྲོ་གླེང་གྲུབ་འབྲས།"



བརྗོད་གཞི་གཞན་ཁག་ལ་གཟིགས།