དངོས་གནས་བོད་མི་རིགས་ཀྱི་མི་རླབས་ཆེན་ཞིག་འདས་གྲོངས་འགྱུར་བར་བློ་ཕམ་བྱུང་།

བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་ཕྱིན་པ་ནི་ཨ་རུ་ན་ཅལ་མངའ་སྡེ་ཙམ་མིན་པར་བོད་མི་ཡོད་དོ་ཅོག་ལ་གྱོང་གུན་ཚབ་ཆེན་ཕོག་ཡོད། ཁོང་གི་དེ་སྔ་ཡང་བོད་དོན་ཆེད་ཕྱག་ལས་མང་དག་ཞིག་གནང་ཡོད་ལ་མ་འོངས་པར་ཡང་འཆར་གཞིའི་ཐོག་ནས་བོད་དོན་གྱི་ཆེད་ཕྱག་ལས་གནང་རྒྱུའི་འདུན་པ་ཆེན་པོ་ཞིག་ཡོད། བོད་མི་ཡོད་དོ་ཅོག་གི་མ་ཎི་ཚིག་ཁ་ཤས་ལས་འདོན་རྒྱུ་མེད་ནའང་འདོན་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ཁོང་གི་མཛད་རྗེས་ལ་བོད་མི་ཚང་མས་ཡིད་རངས་ཞུ་དགོས་པ་ཞིག་དང་གསོལ་བ་སྨོན་ལམ་ཡང་ནས་ཡང་དུ་བཏབ་དགོས་པ་ཞིག་ལོས་ཡིན། ཁོང་ནི་སླེབས་ལ་ཉེ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྦྱིན་བདག་ཀྱང་ཡིན། བོད་པ་ཚོ་ལ་བསོད་ནམས་མེད་པ་ཡིན་ནའང་གང་ལྟར་ཆགས་སྒོ་ཡང་ནས་ཡང་དུ་སླེབས་བཞིན་འདུག ཨོཾ་མ་ཎི་པད་མེ་ཧཱུྃ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་སུ་གྱུར་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།