ནུབ་ལུགས་གསོ་རིག་འབྲིང་རིམ་སློབ་དེབ་བོད་ཡིག་ཅན་དུ་བསྒྱུར་བའི་སྙན་ཞུ་ཡི་གེ།

ནུབ་ལུགས་གསོ་རིག་འབྲིང་རིམ་སློབ་དེབ་བོད་ཡིག་ ཅན་ཏུ་བསྒྱུར་བའི་རེ་ཞུ་ཡི་གེ ། བོད་ཀྱི་སྤྱི་ཚོགས་ལ་ཐུགས་ཁུར་གནང་མཁན་ཡོངས་དང་ཁྱད་པར་དུ་ཀུན་ཕན་ཐེབས་རྩ་ཚོགས་པ་ལ་སྙིང་ཐག་པ་ནས་གུས་པས་ཞུ་རྒྱུར། ངའི་མིང་ལ་དགེ་འདུན་རྒྱ་མཚོ་ཟེར་ཞིང་། རང་མི་རིགས་ལ་ཤ་ཞེན་ཆེ་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ། ཆུང་དུས་ནས་སྨན་གྱི་ལས་རིགས་འདི་ལ་དགའ་ཞིང་། ལས་རིགས་འདི་གཉེར་ནས་ལོ་ངོ་སུམ་ཅུ་ཙམ་འགོར་ཡོད། བགྲང་བྱ་འདིའི་རིང་དུ་རང་གི་ཤེས་བྱ་དང་ལག་རྩལ། ཉམས་མྱོང་ལ་བསྟེན་ནས་འགྲོ་དོན་བསྐྱངས། ཡིན་ནའང་ཕྱི་ལུགས་གསོ་རིག་གི་ལས་དོན་འདི་གཉེར་བའི་འགྲོ་བ་དག་ལ་དཀའ་ངལ་མི་ཉུང་བ་བཟོས་དང་བཟོ་བཞིན་པས། ལོ་ངོ་གང་མང་ཞིག་ལ་དོན་དག་འདིར་བསམ་གཞིགས་དང་རེ་སྨོན་བྱས་ཤིང་སློབ་སྦྱོང་བྱས། ཉམས་མྱོང་བླངས། སྤྱིར་མི་རེར་འགན་འཁྲིའི་འདུ་ཤེས་རེ་དགོས་པ་ཆོས་ཉིད་ཡིན་པས། རེབ་གོང་རོང་བོ་དགོན་ཆེན་གྱི་བླ་མ་ཁ་སོ་འཇིགས་མེད་འཕྲིན་ལས་མཆོག་དང་། ཕྲན་དགེ་འདུན་རྒྱ་མཚོ་གཉིས་ནས་ཡངས་པས་ཕྱག་ཟུངས་རབ་ཏུ་བརྐྱངས་ནས་སྒོར་འབུམ་ཕྲག་གཉིས་མ་དངུལ་དུ་བཞག་ནས་ནུབ་ལུགས་གསོ་རིག་འདི་བོད་ཡིག་ཅན་དུ་གཏོང་བར་དམ་བཅས་པ་ཡིན། དེ་བས་ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་རང་གི་སྔར་ཡོད་རིག་གནས་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད། མེད་པ་གསར་དུ་བསྐྲུན་དགོས་ལ། དེ་མིན་ཕྱི་ཡི་རིག་གནས་ནང་འདྲེན་བྱས་ཏེ་རང་གི་རིག་གནས་དེ་ཕུན་སུམ་ཚོགས་པ་དང་འཐུས་སྒོ་ཚང་བ་ཞིག་ཏུ་གཏོང་བར་འབད་པ་བྱ་དགོས་པར་འདོད། བདག་ལ་དེ་ལྟ་བུའི་ཡིད་ཆེས་དང་སྤོབས་པ། རེ་བས་ཁེངས་ཡོད་པས་རང་སེམས་སུ་བྱ་གཞག་འདི་འགྲུབ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། དགོས་པ། ༡ བོད་རང་གི་ཁྱད་ཆོས་ལྡན་པའི་ཕྱི་ལུགས་གསོ་རིག་ཅན་ཡོད་པ་དང་། ༢ ཕྱི་ལུགས་གསོ་རིག་བོད་ཡིག་ཅན་ལ་བརྟེན་ནས་ཞིང་འབྲོག་འཕྲོད་བསྟེན་གོང་འཕེལ་འགྲོ་ཐུབ་པ། ༣ མང་ཚོགས་རྣམས་ཀྱིས་བོད་ཡིག་ལ་བརྟེན་ནས་ཕྱི་སྨན་བེད་སྤྱོད་བྱ་ཤེས་པ། ༤ བོད་རིགས་སློབ་མས་བོད་ཡིག་གི་ལམ་ནས་ཕྱི་ལུགས་གསོ་རིག་སློབ་སྦྱོང་བྱ་ཐུབ་པ་དང་རྗེས་སུ་དེ་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་རྒྱུ། ༥ བོད་ཡིག་གི་ཁྱབ་ཁོངས་དང་སྤྱོད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་དགོས་པ་འདུག དམིགས་ཡུལ། ང་ཚོས་ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་བསྒྱུར་ནས་གསོ་རིག་སློབ་གླིང་དུ་སྦྱང་བརྩོན་བྱེད་རྒྱུ་དང་ནུབ་ལུགས་གསོ་རིག་མཁས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱེད་པ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རྒྱལ་ནང་ས་གནས་སོ་སོར་བོད་སྐད་ཡིག་ནུབ་ལུགས་གསོ་རིག་སྨན་ཁང་གསར་འཛུགས་བྱེད་རྒྱུ། དེ་ལྟར་བྱས་ན་ད་གཟོད་ལས་རིགས་དེའི་ཤེས་ལྡན་མི་སྣ་སྤྱོད་པའི་ཚོང་ར་ཞིག་ཡོད་པ་ཡིན་ལ། རང་རེའི་མི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་འབྱུང་བ་དང་། སྐད་ཡིག དཔལ་འབྱོར། ཚན་རིག་རིག་གནས་སོགས་གོང་འཕེལ་དུ་འགྲོ་ཐུབ་པར་མ་ཟད་བོད་ཆོལ་ཁ་གསུམ་གྱི་ས་གནས་ཡོངས་ཀྱི་མི་དམངས་ཁྲི་ཕྲག་ལྷག་ལ་ལས་ཀ་ཐོབ་པ་དང་ཆབས་གཅིག་སྐད་ཡིག་བཀོལ་སྤྱོད་རྒྱ་ཆེ་རུ་འགྲོ་ལ་འཛམ་གླིང་མི་དམངས་ལའང་ཞབས་ཞུ་རྒྱ་ཆེན་བསྒྲུབ་ཐུབ་རྒྱུ་རེད། རང་རེའི་རིག་གནས་དེ་དེ་བཞིན་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་བཏང་ན། བོད་མི་རིགས་ཀྱི་མ་འོངས་བའི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ཕན་པ་རྒྱ་ཆེན་པོ་ཡོང་ཐུབ། འདི་ནི་མི་སྒེར་ཞིག་གི་དོན་དག་མ་རེད། བོད་མི་ས་ཡ་དྲུག་གི་མི་རབས་ནས་མི་རབས་བར་གྱི་དོན་དག་རེད་ལ། མི་རིགས་སྐད་ཡིག་ཡར་རྒྱས་དང་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་རྨང་གཞི་ཡིན་ལ་རྩ་བའི་སྲིད་ཇུས་རེད། ལྷག་པར་དེང་སྐབས་ནུབ་ལུགས་གསོ་རིག་འཛམ་གླིང་སྟེང་འཕེལ་ཕྱོགས་ཆེས་མྱུར་བ་དང་ཆེས་དགའ་མོས་བྱེད་པའི་ནོར་བུ་ཡིན་པས། ལྗོངས་ཡོངས་ཀྱི་གསོ་རིག་སློབ་གྲྭའི་སློབ་ཁྲིད་ནང་བོད་ཀྱི་གསོ་རིག་སློབ་ཁྲིད་གནང་གི་ཡོད་པ་ལྟར། ནུབ་ལུགས་གསོ་རིག་བོད་ཡིག་གིས་ཁྲིད་ཐུབ་པ་བྱུང་ན་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་དང་འདོད་བློ་རྒྱ་ཆེན་སྐོང་ཐུབ་པ་ཡིན་པས། རོང་བོ་དགོན་ཆེན་གྱི་བླ་མ་ཁ་སོ་འཇིགས་མེད་འཕྲིན་ལས་མཆོག་དང་། ཕྲན་དགེ་འདུན་རྒྱ་མཚོ་གཉིས་ནས་ཡངས་པའི་ཕྱག་ཟུང་རབ་ཏུ་བརྐྱངས་ནས་ད་ལྟ་སྒོར་འབུམ་ཕྲག་གཉིས་ལྷག་བཏང་སྟེ་ནུབ་ལུགས་གསོ་རིག་སློབ་གྲྭའི་འབྲིང་རིམ་སློབ་དེབ་༡༠་ད་ལྟ་བོད་ཡིག་ཅན་དུ་བསྒྱུར་བཞིན་ཡོད་པས། དོན་འདི་ཉིད་འགྲུབ་པར་འགྲོ་གྲོན་དཀའ་ཁག་ཧ་ཅང་ཆེ་བས། བྱ་བ་འདི་མྱུར་འགྲུབ་ཡོངས་པ་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་མགོ་ཁྲིད་རྣམ་པས་རྒྱབ་སྐྱོར་དང་ཐུགས་ཁུར་གང་ལེགས་ཡོད་རྒྱུ་ནི་སེམས་ནང་གི་རེ་བ་ཉག་གཅིག་ཡིན། མཁྱེན་མཁྱེན་ཞུ། འགྲོ་སོང་རགས་རྩིས་གཤམ་གསལ་ལྟར། དེབ་གཅིག་གི་བསྒྱུར་ཡོན་ཆ་སྙོམས་ལྟར་བརྩིས་ན་སྒོར་ཁྲི་4ལྷག་དགོས། དེ་ལྟར་བརྩིས་ན་དེབ་10་ལ་སྒོར་ཁྲི་40་དགོས། ད་དུང་བསྒྱུར་བྱའི་དེབ་གྲངས་15ཡོད་པར་ཕལ་ཆེར་སྒོར་ཁྲི་60་དགོས་ན་ཁྱོན་སྒོར་ཁྲི་100དགོས། དེབ་གཅིག་གི་དཔར་ཡོན་ཆ་སྙོམས་ལྟར་བརྩིས་ན་སྒོར་ཁྲི7ལྷག་དགོས། དེ་ལྟར་བརྩིས་ན་དེབ་གྲངས་25་ལ་ཁྱོན་སྒོར་ཁྲི་100་དང་75་དགོས། བསྒྱུར་ཡོན་དང་ཞུ་དག་དཔེ་རྟགས་དཔར་ཡོན་སོགས་ཁྱོན་སྒོར་ཁྲི་300ལྷག་དགོས། ད་ལྟ་བསྒྱུར་བཞིན་པའི་ནུབ་ལུགས་གསོ་རིག་འབྲིང་རིམ་སློབ་དེབ་10བོད་ཡིག་དུ་བསྒྱུར་མཁན་གྱིས་མིང་དང་འགྲོ་གྲོན་དཔེ་དེབ་སོགས་རེའུ་མིག་ལ་གསལ། བསྒྱུར་མཁན་གྱི་མིང་། བྱ་བ་ལས་ས། བསྒྱུར་དེབ། ཤོག་གྲངས། ཡིག་གྲངས། ཡི་གེ་གཅིག་གི་རིན་སྒོར། ཁྱོན་ཡོན་སྒོར། རྡོ་རྗེ་རབ་བརྟན། ཟི་ལིང་བོད་སྨན་ཁང་། མི་ལུས་གཤག་ འབྱེད་རིག་པ། ༤༥༩ 729000.00 0.064 46656.00 པདྨ་རབ་བརྟན། ཟི་ལང་བོད་སྨན་ཁང་། ནད་ལུགས་རིག་ པ། ༣༡༨ 497000.00 0.064 31808.00 སྐལ་བཟང་བཀྲ་ཤིས། ཟི་ལིང་བོད་སྨན་ཁང་། ཁོང་ནད་རིག་པ། ༦༦༢ 1007000.00 0.064 64448.00 མཚོ་སྐྱིད། ཟི་ལིང་བོད་སྨན་ཁང་། མོ་ནད་བཙའ་ ཚན་རིག་པ། ༣༤༠ 522000.00 0.064 33408.00 གཡང་སྐྱབས་ཚེ་རིང་། རྨ་ལྷོ་བོད་སྨན་ཁང་ བྱིས་ནད་རིག་པ། ༢༩༥ 520000.00 0.064 33280.00 ཕག་མོ་དོན་འགྲུབ། ཟི་ལིང་བོད་སྨན་ཁང་། སྐྱེ་དངོས་རྫས་ འགྱུར་རིག་པ། ༣༠༣ 474000.00 0.064 30336.00 རྡོ་རྗེ རྨ་ལྷོ་མི་དམངས་སྨན་ཁང་། ཕྱི་ནད་རིག་པ། ༦༥༠ 936000.00 0.064 59904.00 པདྨ་རིན་ཆེན། ཟི་ལིང་བོད་སྨན་ཁང་། དོད་དྲག་རིག་པ། ༢༠༡ 341000.00 0.064 21824.00 སངས་རྒྱས་འབུམ། ཟི་་ལིང་བོད་སྨན་སློབ་ཆེན། ངོས་འཛིན་རིག་ པ། ༥༡༦ 800000.00 0.064 51200.00 པདྨ་རིན་ཆེན། ཟི་ལིང་བོད་སྨན་ཁང་། སྐྱེ་ལུགས་རིག་པ། ༢༧༣ 438000.00 0.064 28032.00 སྤྱིའི་གྲངས་ཀ དེབ་གྲངས། ༡༠ ཤོག་གྲངས། ༤༠༡༧ ཡིག་གྲངས། 6264000.00 རིནགོང་། 0.064 ཁྱོན་བསྡོམས་སྒོར་གྲངས། 400896.00 རྗེས་སུ་མི་མཐུད་བསྒྱུར་བྱའི་འབྲིང་རིམ་གསོ་རིག་སློབ་དེབ་གྲངས་བཅོ་ལྔ་ལྷག་ཡོད། བསྒྱུར་མཁན་གྱི་མིང་། བྱ་བ་ལས་ས། དཔེ་དེབ་ཀྱི་མིང་། ཤོ་གྲངས། ཡིག་གྲངས། ཡི་གེ་སྟོང་གཅིག་གི་རིན་གོང་། ཁྱོན་སྒོར། 传染病学 273 420 64.00 2688.00 医学化学 171 272 64.00 17408.00 病原生物学和免疫学 488 746 64.00 47744.00 医学心理学 221 349 64.00 22336.00 医学物理学 184 292 64.00 18688.00 预防医学 289 450 64.00 28800.00 康复医学 药理学 细胞生物学和医学遗传学 皮肤性病学 眼耳鼻喉口腔科学 中医学 医学文献检索 全科医学导论 医学伦理学 གཅིག 《རྐང་རྗེན་སྨན་པའི》་དཔེ་དེབ་གཙོ་སྒྲིག་བྱས། གཉིས། རྩེ་ཁོག་རྫོང་སྟོབས་ལྡན་སློབ་གྲྭ་དང་པོར་ལོ་རེར་ཀུན་སྤྱོད་ཕུལ་བྱུང་ཅན་ལ་བྱ་དགའ་བྱིན། གསུམ། རོང་བོ་དགོན་པའི་དགེ་བཤེས་རྡོ་རྗེ་དབང་ཆེན་སོགས་རྩེ་ཁོག་རྫོང་སྟོབས་ལྡན་སློབ་གྲྭ་དང་པོར་གདན་དྲངས་ནས་བཀའ་སློབ་གནང་བར་སྦྱིན་བདག་གནང་། བཞི། ༢༠༠༥ལོའི་རེབ་གོང་སྨོན་ལམ་ཆེན་མོའི་སྐབས་ཉིན་ལྔའི་རིང་སྒོར་ཁྲི་བརྒྱད་ཀྱིས་སྨན་སྦྱིན་བཏང་། ལྔ། ༢༠༠༨ལོར་རྩེ་ཁོག་རྫོང་སྟོབས་ལྡན་གྲོང་བརྡལ་དུ་གངས་ལྗོངས་མ་ཎི་ཆེན་མོའི་སྐབས་ཉིན་བདུན་གྱི་རིང་སྒོར་ཁྲི་བཞིས་སྨན་སྦྱིན་བཏང་། དྲུག ༢༠༡༠ལོར་སྐྱེ་རྒུ་མདོ་ལ་ས་འགུལ་བྱུང་སྐབས་རང་ཉིད་སོང་ནས་སྒོར་ཁྲི་གཅིག་གིས་ཞལ་འདེབས་བྱིན། མ་དངུལ་འཛོམས་པོ་བྱུང་ཚེ་འགྲེམ་སྤེལ་བྱ་ཡུལ་ནི་འབྲིང་རིམ་གསོ་རིག་སློབ་གྲྭ་དང་སྨན་ཁང་སོ་སོ་རུ་འགྲེམ་སྤེལ་བྱེད་པ། འགྲེམ་སྤེལ་བྱེད་ཐབས། རིན་མེད་འགྲེམ་སྤེལ་བྱེད་པ། འགྲེམ་སྤེལ་བྱེད་མཁན། རོང་བོ་བླ་མ་ཁ་སོ་མཆོག་དང་ཕྲན་དགེ་འདུན་རྒྱ་མཚོ་གཉིས་ནས། གློག་ཡིག This e-mail address is being protected from spambots, you need JavaScript enabled to view it . 2011.
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཚང་མས་ད་ནས་བཟུང་ལས་གཞི་དངོས་ལ་འཇུག་རོགས།"



བརྗོད་གཞི་གཞན་ཁག་ལ་གཟིགས།