བོད་མིའི་སྐྱིད་སྡུག་མཉམ་མྱོང་དགོས་པའི་རེ་འདུན།

ད་རེས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། དེ་འབྲེལ་གྱི་ཀིརྟི་དགོན་པའི་ཐོག་ཡང་དམ་དྲག་དང་དྲག་གནོན་ཚད་ལས་བརྒལ་པ་བྱས་པ་མ་ཟད། དགོན་པའི་ནང་གི་དགེ་འདུན་པ་བརྒྱ་ཕྲག་མང་པོ་བཙན་ཁྲིད་ཀྱིས་སྡུག་གྱོང་དང་མནར་གཅོད་ཚད་ལས་རྒལ་པ་བྱས་དང་བྱེད་བཞིན་པ་འདི་ཚོ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེས་ན་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་ཁོང་ཚོའི་སྙིང་སྟོབས་དང་། ལྷག་བསམ་ལ་རྗེས་སུ་ཡི་རང་དང་། ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། ལྷག་པར་དུ་ད་ལྟའི་གནས་སྟངས་ཛ་དྲག་འདི་ལས་སྐྱོབ་པའི་ཐབས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་འཛམ་གླིང་རྒྱལ་སྤྱིའི་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་སྙན་ཞུ་རྒྱག་རྒྱུ་སོགས་ཧ་ཅང་གི་གལ་ཆེན་ཡིན། མདོར་ན་ང་ཚོ་བོད་མི་ས་ཡང་དྲུག་པོ་སྐྱིད་ཀྱི་རྟ་བོ་མཉམ་བྱོན་དང་། སྡུག་གི་ཁུར་པོ་མཉམ་ཁུར་བྱེད་དགོས་པར་ཀུན་གྱིས་དགོངས་པ་ཟབ་མོ་བཞེས་རོགས་གནང་།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱ་ནག་ཤིན་ཧྭ་གསར་ཁང་གིས་སྐྱག་རྫུན་བཤད་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།