བློ་སེང་ལས་བཀའ་ཁྲི་འོས་པ་མེད།

གལ་ཏེ་བློ་སེང་འདྲ་པོ་གཞོན་སྐྱེས་ཞིག་བཀའ་བློན་ཁྲི་པར་མ་སླེབས་ཚེ། མ་འོངས་པར་ང་ཚོས་བཀའ་ཁྲི་གཞོན་སྐྱེས་བདེམས་དགོས་སམ་རྒན་འཁོགས་བདེམས་དགོས་ཤེས་མི་ཤེས། གལ་སྲིད་གཞོན་སྐྱེས་ཞིག་བདེམས་ནས་འགོ་ལོག་ཞིག་རྩིས་པ་ཡིན་ན་ཡང་ད་ལྟ་ཕྲན་ཚོར་༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པས་སྣང་དག་མི་དགོས། གལ་ཏེ་མ་འོངས་པར་༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་མེད་པའི་སྐབས་གཞོན་སྐྱེས་ཞིག་སླེབས་པ་ཡིན་ན། གཞོན་སྐྱེས་དེས་འགོ་ལོག་ཆེན་པོ་བསྐྱེལ་པ་ཡིན་ན་ང་ཚོས་གང་འདྲ་བྱེད་དགོས་སམ། བཀའ་ཁྲི་གཞན་རྣམས་ནི་སྔར་བཀའ་བློན་ཁྲི་པའི་གོ་གནས་ཟིན་ཚར་མྱོང་ཙང་གནས་འགག་དེ་ཙམ་མེད། ཚང་མས་རྒྱུས་ཡོད་ཡིན། གཞོན་སྐྱེས་ཀྱི་བཀའ་ཁྲི་བྱུང་ན་གཞི་ནས་ང་ཚོར་མདུན་ལམ་གསར་པ་ཞིག་ཡོད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།