བོད་དོན་ལ་ཞེན་དུང་།

ཁ་སང་དང་དེ་རིང་གི་དུས་ཚོད་འདིར་ངེད་བོད་གཞི་བྱེས་གཉིས་ཀྱི་མ་འོང་རེ་རྒུག་གི་དུས་ཚོད་གལ་ཆེན་གཅིག་ལ་རེ་བ་དང་ཕུག་བསམ་བཅོལ་སའི་གངས་སེང་ཕེབས་པའི་དུས་ཤིག་རེད། གངས་སེང་བཀའ་ཁྲིའི་ཁྲི་ལ་མ་ཕེབས་ན་མ་འོང་བོད་མའི་ལས་དབང་སུ་ལ་བཅོལ། ངའི་ཁ་སང་དེ་རིང་གི་ཉི་མ་འདི་ལ་བརྣོ་བསམ་དང་། སེམས་ལ་རྔམ་སྐྲག་ཆེན་པོ་ཞིག་འདུག ། གང་རེད་ཟེར་ན་ངའི་མི་ཚེ་ལ་བྱུང་མྱོང་མེད་པའི་རེ་བ་དང་། ལ་རྒྱ་བརྗོད་དུ་མེད་པ་འདི་སུ་ཡི་ཆེད་དུ་རེད། བོདགཞི་བྱེས་གཉིས་ཀྱི་ལས་དབངགི་ཆེད་དུ་མིན་ནམ། གངས་ཀྱི་སེང་གེ་འཛམ་གླིང་ཡང་རྩེ་ཕེབས། །གངས་ཅན་བོད་ཀྱི་ཆོས་སྲིད་བསྟན་པར་དར། །རྒྱ་དམར་གུང་ཁྲན་ཏང་ལ་གཡུ་རལ་ངོམ། །མ་འོང་བོད་མི་གཞི་བྱེས་མཉམ་འཛོམ་ཤོག །ལྷ་རྒྱལ་ལོ།། འཛམ་བུ་གླིང་གི་ཡངས་རྩེ་བོད་གངས་ཅན་ལྗངས་ཕོ་བྲང་པོ་ཏ་ལ་རུ་གངས་སེང་ལས་དབང་ཕེབས། བོད་ཆོས་སྲིད་གཉིས་ཀྱི་དབུ་འཕང་དགུང་དུབསྟོད། བཀྲ་ཤིས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་སྙན་གྲགས།།"



བརྗོད་གཞི་གཞན་ཁག་ལ་གཟིགས།