ང་ཕྱིར་སྡོད་ཀྲུང་གོ་བ་ཡིན།

བོད་དོན་བདེན་མཐའ་གསལ་མིན་ད་ཆ་བཤད་དཀའ་ཡང། བློ་བཟང་སེངྒེའི་སྐད་ཆ་ཡོངས་རྫོགས་ཁང་གསར་རྡོ་རྗེས་བདེན་པ་བདེན་ཐུག་བཟོས་ཚར་འདུག བདེན་པ་མེད་པར་རྫུན་གཏམ་གང་སར་བཤད་པས་ད་ཆ་འབ་སུ་མ་འདུས་པའི་གནས་ལ་གྱར་བའི་བློ་སེང་ནི་མི་ཀུན་གྱིས་ཆ་སྨོད་བྱེད་ཡུལ་དུ་འགྱུར་འདུག ཡ་ང་བའི་བློ་བཟང་སེང་གེ། བློ་བཟང་སེང་གེའི་གཞི་རིམ་གྱི་ལྟ་གྲུབ་གསུམ་ཡོད་པ་ལས། རང་མགོ་རང་ཐོན། ཟེར་བའི་གཏམ་བཤད་བྱས་པ་ལས་རང་གིས་བཤད་པའི་སྐད་ཆ་རང་གིས་ཁུངས་སྐྱེལ་བྱེད་མི་ཐུབ་པ་ཞིག་གིས་བོད་མིའི་བདེན་དོན་གང་ནས་བྱེད་ཐུབ་བམ། ནན་ཏན་གྱིས་བསམ་བློ་གཏོང་དགོས། བློ་བཟང་སེངྒེ་ནི་བོད་ཀྱི་བཀའ་ཁྲིར་ཧ་ཅང་ཡིད་ཆེས་བྱེད་དཀའ་བ་འདུག དགོངས་པ་ཞུ་དགོས་ན་སྐད་ཆ་སྔ་ཕྱི་མི་མཐུན་མཁན་དང་རྒྱ་ནག་གི་མི་སེར་ཡིན་ཞེས། བཙན་བྱོལ་ནས་རྒྱ་ནག་ལ་ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་ལེན་ནས་འགྲོ་མཁན་བློ་བཟང་སེང་གེ་རེད། གལ་སྲིད་ཁོ་པ་ཁྲིམས་ལུགས་ཀྱི་མཁས་དབང་ངམ་འབུར་རམ་པ་ངོ་མ་ཡིན་ཚེ་ཤེས་བཞིན་དུ་དེ་འདྲ་བྱས་ན་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་རེད། གོ་མིང་ཙམ་ལ་རྔམ་པ་ལས་བཙན་བྱོལ་བོད་མིའི་ངོ་བོ་དོར་ཚར་བའི་མཁས་དབང་དེ། དེང་དུས་ཀྱི་བོད་མི་རིགས་ལ་ལ་རྒྱ་མེད་པའི་མི་མང་མགོ་སྐོར་མཁན་གྱི་མཁས་དབང་ལས་མ་འདས་སོ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།