ང་ཁྱོད་དང་མཉམ་དང་སྙན་ངག་འདི་གྱེར་ན་འདོད།

རྩོམ་པ་པོ་ལགས། ཁྱེད་ཀྱི་སྐྱོ་གདུང་ནི་སངས་དུས་ཡོད་ལ་ང་ཡི་སྐྱོ་གདུང་ནི་སངས་དུས་མེད། གང་ཡིན་ཞེ་ན། ཁྱེད་ཀྱི་ཨ་མ་ནི་ད་ལྟ་བོད་ཡུལ་དུ་ཡོད་ལ་ངའི་ཨ་མ་ནི་ད་ལྟ་གཤིན་ཡུལ་དུ་ཡོད་པས་སོ། གང་ལྟར་ཡང་ང་དང་ཁྱེད་ཀྱིས་དྲན་རྒྱུ་ནི་ཨ་མའི་ཞལ་རས་དང་། མ་བུ་མཉམ་འཛོམ་རེད། རྒྱུ་མཚན་དེས་ན་ང་ཡང་ཁྱེད་དང་མཉམ་དུ་གངས་རི་དང་ཨ་མ་གངས་ཆུ་དང་ང་ཞེས་པའི་སྙན་ངག་འདི་གྱེར་ན་འདོད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "གངས་རི་དང་ཨ་མ་་་་གངས་ཆུ་དང་ང།།"



བརྗོད་གཞི་གཞན་ཁག་ལ་གཟིགས།