འགོ་བརྗོད་ཤར་རྩེ་གྲྭ་ཚང་རྒྱབ་འདུག་ཀྱང་གཤམ་གྱི་གནས་ཚུལ་རྣམས་ནོར་འདུག

ཤམ་བྷ་ལ་དྲྭ་རྒྱའི་དོ་དམ་པ་ལགས་སུ་ཞུ་རྒྱུར། ཁྱེད་རྣམས་ཀྱི་ཕྲན་གྱི་གནས་ཚུལ་ཞུས་པ་རྣམས་ལ་ལན་འབྱོར་བྱུང་བར་དགའ་སྤྲོ་ཆེ། ཡིན་ཡང་དེ་རིང་ཕྲན་ནས་གནས་ཚུལ་བལྟ་ཀློག་ཞིག་བྱེད་ཡིན་པས་ཁྱེད་རྣམས་ཀྱི་འགོ་བརྗོད་འགྲིག་འདུག་ཀྱང་གཤམ་གྱི་གནས་ཚུལ་རྣམས་༸རྒྱལ་བ་རིན་པོ་ཆེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་ཀྱི་གནས་ཆུལ་དང་གསུང་འཕྲིན་མ་ཡིན་པར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་ཀྱི་གནས་ཚུལ་རྣམས་བཀོད་འདུག་ན་ཁྱེད་རྣམ་པས་སླར་ཡང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་བཀའ་སློབ་དང་གསུང་འཕྲིན་གནས་ཚུལ་རྣམས་ཆད་ལྷག་མེད་པ་འགོད་རོགས་ཡོང་བ་ཞུ། ཐུགས་རྗེ་ཆེ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "༧གོང་ས་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་པ། "



བརྗོད་གཞི་གཞན་ཁག་ལ་གཟིགས།