ཤར་རྩེ་གྲྭ་ཚང་ནི་༸རྒྱལ་བ་རིན་པོ་ཆེའི་རྗེས་སུ་འགྲོ་མཁན་ཞིག་ལོས་ཡིན།

མཁྱེན་ཡང་ཤམ་བྷ་ལ་དྲྭ་རྒྱའི་ལས་འཛིན་པ་རྣམས་ལ་ཆེད་ཞུ། ཁྱེད་རྣམས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོར་ཆིབས་བསྒྱུར་བསྐྱངས་པའི་སྐོར་གནས་ཚུལ་ལམ་ཡང་ན་གསར་འགྱུར་ཕྱོགས་འགའ་ཞིག་ལས་ཆ་ཚང་བ་ཞིག་འགོད་མི་འདུག་པས་ཕྲན་བུ་ཞིག་གསལ་བཤད་ཞུས་ན་བསམ་བྱུང་། ད་རེས་ཀྱི་༸གོང་ས་མཆོག་མོན་གྷོར་ཆིབས་བསྒྱུར་བསྐྱངས་པ་འདི་ནི་རྭ་སྟོད་གྲྭ་ཚང་དང་འབྲས་སྤུངས་སུ་ཆིབས་བསྒྱུར་གཙོ་བོ་མ་ཡིན་པར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་མི་ལོ་ཧྲིལ་པོ་བཅོ་ལྔ་ཙམ་གྱི་དཀའ་སྡུག་ཚད་མེད་མྱང་པའི་རྗེས་ཀྱི་བཀའ་ཆོས་ཐོག་མ་དེ་ཆགས་བཞིན་ཡོད། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དེ་སྔ་དོལ་རྒྱལ་ལམ་དམ་སྲི་གདུག་པ་ཅན་བསྟེན་གསོལ་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་རྣམས་ ༢༠༠༨ ལོ་ནས་ཤ་སོ་སོ་དང་གྲི་ཁག་ཁག་བྱས་ཚར་པ་རེད། ༸གོང་ས་མཆོག་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་འདུ་ཁང་ནང་དུ་གསུང་དོན། ད་རེས་ང་མོན་གྷོར་བཅར་དགོས་དོན་གཙོ་བོ་གཅིག་ནི་ཤར་རྩེ་གྲྭ་ཚང་དུ་ཆོས་འབྲེལ་བྱེད་རྒྱུ་དེ་ཡིན། དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་བའི་ལོ་རྒྱུས་ཞིག་ཡིན་པ་སྨྲོས་ཅི་དགོས། ཁྱེད་རྣམ་པས་གལ་ཆེན་པོའི་ཐོག་ནས་ད་རེས་ཀྱི་ཤར་རྩེ་གྲྭ་ཚང་དུ་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་པ་དང་བཀའ་སློབ་ཕེབས་པ་རྣམས་ངེས་པར་དུ་དམིགས་བསལ་གྱི་ཐོག་ནས་དྲྭ་རྒྱའི་ནང་འགོད་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཤིན་ཏུ་ནས་ཆེ། སྤྱིར་ཁྱེད་རྣམ་པས་གནས་ཚུལ་ལམ་གསར་འགྱུར་ཆུང་ངུ་ཞིག་ཡིན་ན་ཡང་དྲྭ་རྒྱའི་ནང་འགོད་ཐབ་པ་ལ་ད་རེས་ཀྱི་ཤར་རྩེ་གྲྭ་ཚང་དུ་བྱུང་བའི་གནས་ཚུལ་ཆེན་པོ་འདི་འདྲ་ཞིག་འགོད་མི་ཐུབ་པ་ག་ལ་སྲིད། ད་རེས་༸གོང་ས་མཆོག་ནས་ཤར་རྩེ་གྲྭ་ཚང་དུ་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་བཀའ་ཆོས་དང་མཛད་འཕྲིན་བསྐྱངས་པར་ཤར་རྩེ་གྲྭ་ཚང་གི་དགེ་འདུན་འདུས་མང་ཡོངས་ནས་ད་ཡིན་ན་ཚེ་འདི་ཕྱི་གཉིས་ཀྱི་བསམ་དོན་འགྲུབ་སོང་ཞེས་འབོད་ཚིག་སྒྲོག་བཞིན་འདུག་ལ་མ་འོངས་པར་ཡང་བློ་རྩེ་གཅིག་གི་༸གོང་ས་མཆོག་ནས་ལམ་སྟོན་གང་གནང་པ་དེ་དེ་བཞིན་ཡིན་ནོ་ཞེས་ཁ་གཅིག་བསྒྲགས་བྱེད་བཞིན་འདུག ཁྱེད་རྣམ་པས་ངེས་པར་དུ་གནས་ཚུལ་ཞིབ་ཕྲ་འགོད་རོགས་གནང་ཞེས་གསོལ་འདེབས་ཞུ་བཞིན་ཡོད། བཀྲ་ཤིས་བདེ་ལེགས།


བརྗོད་གཞི་གཞན་ཁག་ལ་གཟིགས།