འདི་འདྲ་མཐོང་ན་དགའ་འོས་པ་ཞིག་འདུག

གང་ལྟརཡང་་ང་ཚོའི་བླ་ཆེན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ལ་མཚན་ངན་བཟོས་པ་ནི་ནམ་མཁའ་ལ་མི་ཤོང་བ་བཟོས་ཟིན་སོང་།གཙོ་བོ་ནི་བླ་བྲང་གི་ལས་བྱེད་འགོ་འཁྲིད་རིགས་ཀྱི་བུ་དེ་དག་ལ་བདུད་ཀྱིས་ལྷ་ཞུགས་པ་མིན་འགྲོ་བསམ་གྱི་འདུག དགའ་འོས་པ་ཞིག་ལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ལ་རང་གི་བླ་མར་བརྩི་མཁན་གྱི་དད་ལྡན་པ་རྣམས་ཀྱིས་ཁོང་སོ་པར་ཁས་ལེན་མེད་པའི་རྒྱུ་མཚན་དུ་བྱས་ཏེ་གཙུག་ལག་ཁང་ནས་རྒྱུད་སྟོད་ར་མོ་ཆེ་བར་དུ་ཞི་བའི་གོམ་བགྲོད་དང་ཆོས་སྐོར་གང་ཡིན་རུང་དེ་ནི་ང་ཚོ་བོད་མི་རྣམས་དང་ནང་པ་རྣམས་གདུང་སེམས་མཉམ་བསྐྱེད་དང་རྡོག་རྩ་གཅིག་དྲིལ་ཡིན་པ་མཚོན་ཐོབ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དྷ་ས་ནས་རྒྱུད་སྟོད་བར་ཆོས་སྐོར།"



བརྗོད་གཞི་གཞན་ཁག་ལ་གཟིགས།