སྤྱི་འཐུས་འོས་མི་དག་ནི་འདོད་པ་ཚིམ་པ་ཞིག་མི་འདུག

སྤྱི་འཐུས་ཟེར་བ་དེ་ནི་ཤེས་ཡོན་དང་ལྷག་བསམ་དགོས་པ་ཞིག་ཡིན་དགོས་མོད། འོན་ཀྱང་སྤྱི་འཐུས་འོས་མི་ནང་དུ་ད་དུང་ཤེས་ཡོན་དང་ལྷག་བམས་གང་གི་ཐད་ནས་སྐྱོ་བོ་མང་པོ་ཞིག་སླེབས་འདུག བོད་མི་ས་ཡ་དྲུག་གི་འཐུས་ཚབ་མཚོན་ཐུབ་མཁན་དང་རྒྱ་ནག་སྲིད་གཞུང་དང་དབ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་འཐུས་ཤོར་དུ་སོང་ཟིན་པའི་སྐྱོན་ཆ་རྣམས་ཇི་ལྟར་ཁ་གསབ་གཏོར་རྒྱུ། ནམ་རྒྱུན་སྤྱི་འཐུས་སྐབས་རེ་རེར་བཞག་པའི་གྲོས་ཆོད་ཁག་ལག་ལེན་དུ་སོང་ཇི་ཡོདདང་རྒྱ་བོད་འབྲེལ་བ་ར་ཤེས་ཡོ་་གྱི་མདེང་བའི་ཆ་རྐྱེན་ཧ་ཅང་གི་ཚད་དམའ་བོ་ཞིག་གན་ལུས་འདུག ད་ཐང་གི་སྤྱི་འཐུས་འོས་མི་གྲོས་སུ་ནམ་རྒྱུན་སྤྱི་ཚོགས་སྟེང་བོ་ཧད་ཆེན་བོ་དག་སླེབས་འདུག ཁ་ཤས་ཤིག་ནི་དངོས་ནས་ཡིད་འཕངས་དགོས་པའི་མི་དེ་འདྲ་མང་པོ་སླེངས་འདུག བོད་འདི་ད་དུང་རྗེས་ལུས་དང་། འདས་པའི་སྤྱི་འཐུས་བོད་གཞུང་དང་མི་མང་བར་ལ་ཡིད་ཆེས་མེད་པའི་ཚོར་སྣང་ཡང་ཤུགས་་ཆེན་པོ་འདུག དེ་ཡང་མི་མང་འདེམ་པའི་འོས་མི་ལེགས་པོ་ཞིག་མ་བེདམ་པིའ་རྐྱེན་ལས་བྱུང་འདུག་ ད་ལྟ་ཆར་གཞུང་དང་མི་མང་བར་ལ་འབྲེལ་ཐག་རིང་དུ་འགྲོ་ཉེན་ཡོད་པ་ལས་ཉེ་རུ་སོང་མེད་པའི་རྒྱུ་རྐྱེན་ཚང་མས་གཟབ་ནན་བྱ་རྒྱུ་གལ་ཆེའོ།།


བརྗོད་གཞི་གཞན་ཁག་ལ་གཟིགས།