གཟའ་ཟླ་རྒྱ་རིགས་ཡིན་ན་བོད་ལ་ཕན་དམ་གནོད?

ཡ་ཅོ་རི། ཁྱོད་ནས་ངོ་མ་མ་བརྟག་པའི་ཚིག་རྔམ་ཆེན་ཞིག་བཤད་འདུག ཁྱོད་ནས་ཨ་ཕོའི་ཁ་ཕོར་གཙང་ཞེན་གྱི་ཞེན་ཁོག་ཏུ་བྱས་ཤིང་གནས་སྐབས་མིག་རྒྱང་ཐུང་ངུར་མི་དགོས་པའི་ཆོལ་ཁའི་དུག་ནད་ཀྱིས་བསླད་པའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་བུ་མོ་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཀརྨ་ཡེ་ཤེས་ནས་བོད་མི་རིགས་སྤྱི་ཡི་ལ་རྒྱ་དང་ཆོལ་གསུམ་བོད་ཀྱི་ཞེན་ཁོག་ཏུ་བྱས་ཤིང་མཐར་ཐུག་མིག་རྒྱང་རིང་པོར་བསམ་བློ་གཏང་ནས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་མཐོ་དམན་སུས་མ་འགྲིགས་ཀྱང་སྣ་ཐོག་ཏུ་མཛུབ་མོ་བཙུགས་ནས་ཐེར་འདོན་བྱེད་ཀྱི་འདུག ལར་ནི་ཅོ་རིའི་གླེན་གཏམ་ལ་ངོས་ནས་འདི་ལྟར་བསམ་སྟེ། རྩོམ་པ་པོ་འོད་ཟེར་ནི་འཛམ་གླིང་ནང་ནས་ཆེས་སྐད་གྲགས་ཅན་དང་མ་ཟད་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏང་མཁན་གྱི་དཔའ་མོ་ཞིག་ཡིན་པ་ནི་ང་གཉིས་སྤང་རྒན་གཡུག་པའི་དོན་དུ་བརྩད་པ་ནང་བཞིན་མ་ཡིན་པར་འཛམ་བུའི་གླིང་གི་སྒང་ནས་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་མང་པོ་ཞིག་ཐོབ་ཡོད་པ་ནི་སྐབས་དེ་ཡི་དུས་སུ་ཁྱེད་རང་གཅིག་བྱས་ན་འཇུ་ཆེན་བུ་མོའི་གཞང་བར་དུ་ཚུད་ནས་འཛམ་བུ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་བྱེད་མ་ཐུབ་པ་འདྲ། གཟའ་ཟླ་རྒྱ་རིགས་ཡིན་པ་ཙམ་གྱིས་བོད་ལ་གནོད་ན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བོད་ལ་གནོད་ཡོད་པ་ཐལ། ཁོ་རང་གི་བཙུན་མོ་རྒྱ་མོ་ཡིན་པའི་ཕྱིར། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་ནས་ཀྱང་བོད་ལ་གནོད་པ་ཐལ། ཁོ་རང་སྐུ་ཟླ་རྒྱ་མོ་ཡིན་པའི་ཕྱིར། དེ་ཡིན་ན་ཅོ་རིའི་ཅི་ཟེར། ཧ་ཧ་ཧ་ཧ་ཧ་ཧ་ཧ། ལར་ནི་མདོ་སྟོད་ཆུས་སྒང་ཚོགས་གཙོ་དང་འཇུ་ཆེན་བུ་མོ་གཉིས་དང་འདྲ་བའི་བློ་ཕྱིར་བསྟན་བྲོད་པ་ནང་བསྟན་ཅན་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་དུ་དཀྲུགས་ཤིང་མཁན་དེ་ཚོ་ལ་ངོས་ནས་ཀྱང་ཡིད་ཆེས་གཏན་ནས་མེད། ཀརྨ་ཡེ་ཤེས་ལ་དྲང་བདེན་ཡོད་པས་རྒྱབ་སྐྱོར་ཁོང་ལ་བྱེད་ཀྱིན་ཡིན།


བརྗོད་གཞི་གཞན་ཁག་ལ་གཟིགས།