བཀྲས་མཐོང་གི་སྐོར་བསྐྱོད།

ཟླ་འདིའི་ཚེས་༨ཉིན་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུད་སི་རུ་ཕེབས་ནས་ཁོང་རང་ཉིད་ངོ་སྤྲོད་དང༌། ཆབ་སྲིད་ཀྱི་ལང་ཕྱོགས། བཀའ་བློན་ཁྲི་པའི་མངོན་འདོད་བཅས་མི་མང་ལ་འགྲེལ་བརྗོད་གནང་ཡོད་འདུག

སྐབས་དེར་སུད་སིའི་རྒྱལ་ས་བྷི་རན་ནང་མི་གྲངས་༡༥༠ལྷག་ཙམ་འདུ་འཛོམས་ཐོག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང༌། བོད་ནང་གི་ཁོར་ཡུག བཙན་བྱོལ་བོད་མིའི་གནས་སྟངས་ལ་སོགས་པའི་སྐོར་དྲི་བར་དྲིས་ལན་གང་ལེགས་གནང་ཡོད་འདུག ལས་འགུལ་དེ་གོ་སྒྲིག་གནང་མཁན་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་དང༌། སུད་སིའི་བོད་ཀྱི་བུད་མེད་ཚོགས་པ་བཅས་ཡིན་འདུག

མཇུག་མཐར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་དང༌། སུད་སིའི་བོད་ཀྱི་བུད་མེད་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འདི་འདྲ་ཞིག་གནང་བར་བསྔགས་བརྗོད་དང༌། ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༠ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བཀྲས་མཐོང་གིས་སྟབས་བདེ་བོ་འདུག་སྔོན་མ་ནང་བཞིན་མེད་པ་དེ་གཟིགས་ནས་བཀའ་ཁྲིའི་གོ་ས་འདོད་རྔམ་སྐྱེས་པ་འདྲ་བོ་ཞིག་ཆགས་ཡོད་པ་རེད། བཀྲས་མཐོང་ཡིས་ནང་མིའི་དོན་དུ་དཀའ་ངལ་སེལ་ཐབས་སུ་ཨ་རི་ལ་ཕྱིན་པ་ཡིན་བརྗོད་བཟིན་ཡོད་པ་རེད། གཏམ་དེ་བདེན་པ་མ་ཡིན་པ་སུ་སི་དངུལ་ཁང་ནས་བཀྲས་མཐོང་སྐུ་བཟའ་བལ་མོ་འི་མིང་དང་དཔར་གསལ་མཐོན་པ་དེ་ས་བཀྲས་མཐོང་ཧ་ཅང་གི་འབྱོར་ལྡན་ཡིན་པ་གསལ་བོ་གསལ་ཀྱང་རེད་དོ།།
དཀའ་དུས་གཡུག་པ་དེ་བརྗེད་ནས་སྐྱིད་པའི་དུས་སུ་སླེབས་པ་དེ་ག་འདྲ་ཞིག་ཡིན་ནམ། སྔོན་འགྲོ་སྐབས་སུ་མི་མང་ཧ་གོ་དོན་རྟོགས་མཁན་རྣམས་ཀྱིས་བཀྲས་བཐོང་ལ་རྕ་བ་ནས་འོས་བརླུག་མ་སོང། དེ་ལས་རྣམ་རྟོགས་ལངས་དགོས་པ་ནི་སྒྲོལ་མ་ཚེ་རིང་གིས་མཐའ་གཅིག་དུ་ལྷུང་བའི་བྱེད་སྟངས་དེས་བློ་གཟུར་བོ་གནས་མཁན་ཚོའི་མགུལ་ནས་སྐྱུགས་པ་མང་པོ་སྐྱུགས་མཐོང་བཞིན་འདུག་གོ



བརྗོད་གཞི་གཞན་ཁག་ལ་གཟིགས།