བོད་མིའི་བླ་སྲོག་བསམ་པའི་ཤུག་ས་རིང་ཐེངས་གཅིག

སྐུ་ཞབས་རོ་བདག་ལགས།་་་་་ཁྱོད་ཀྱིས་མི་རིགས་ཞིག་གི་ཚེ་སྲོག་ཐད་བཟུང་བའི་ཚོར་སྣང་གི་སྐད་ཆ་འདི་ལ་ཕྲན་གྱིས་གུས་ཞབས་དང་བཅས་བསམ་ཚུལ་ཐོར་བུ་ཞིག་གླེང་འདོད་ཡོད་པ་ནི། ཁྱོད་ཀྱིས་གོང་ལྟར་བཤད་པ་དེ་གནས་ལུགས་ཡང་དག་ཅིག་རེད། རིང་གི་རུས་རྐང་ནས་རྩམ་དྲི་མ་ཡལ་བའི་མི་བུ་ཞིག་ཡིན་ཕྱིན་ཁྱེད་མཚོངས་ལྟར་དྲ་གནས་ཀྱི་དཀའ་ངལ་འདི་རྒྱུད་ནས་འོང་དང་འོང་བཞིན་ཡོད། ཡིན་ན་ཡང་ཕྲན་ལ་མཐོང་ཐོས་ཆུང་རྐྱེན་གྱིས་མིན་ན་ད་རག་བར་ལྷག་བསམ་རྣམ་དག་གིས་དྲ་ངོས་ཀྱི་དཀའ་ངལ་འདི་འདྲ་རྒྱང་འབོད་བྱེད་མཁན་ཕར་ཆེར་ཁྱོད་ལས་མེད་ཚོད་རེད། མང་ཆེ་བའི་ཤེས་མདོག་དང་དཔྱོད་མདོག་རྒྱང་རྒྱང་བྱེད་པ་ལས་གནད་དུ་འཁེལ་བའི་དོན་རྩཡིག་གཟུགས་གཅིག་འགྱར་གྱི་རེ་འབོད་ཞིག་དང་། བྱ་བ་གང་ཞིག་ཡིན་ཡང་ཐོག་མར་རང་ཉིད་ནས་འགོ་རྩམ་དགོས་བའི་སྙིང་སྟོབས་ཀྱིས་སྐུལ་མ་བྱེད་མཁན་ཧ་ཅང་དཀོན་པོ་རེད་མོད། གང་ལྟར་གཞི་ཕྱི་གཉིས་ཀྱི་རྩོམ་པ་པོ་དང་བསམ་བློ་བ་དག་གིས་གཙོས་བའི་སྤུན་ཟླ་ཡོད་དོ་ཅོག་ལ་གཅིག་གྱུར་གྱིས་བཀོལ་སྦྱོད་བྱེད་ཐུབ་པའི་ཡིག་གཟུགས་ཅིག་དགོས་པ་སྨྲོས་མེད་ཡིན་མོད། ཡིན་ན་ཡང་།་་་སྨོན་ལམ་བོད་ཡིག་གསུམ་པ་དེ་ཚང་མས་བཀོལ་སྦྱོད་ཐུབ་པའི་རེ་བ་ཤུན་ཏུ་ཆེ།་་་རྒྱུ་མཚན་ནི།་་ཧིན་གཟུགས་སོགས་བོད་ཡིག་མཉེན་ཆས་གང་ཞིག་ནང་བཀོལ་ཆོག་པས་སོ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དྲ་ངོས་ཀྱི་དཀའ་ངལ།"



བརྗོད་གཞི་གཞན་ཁག་ལ་གཟིགས།