མོ་རང་དངོས་གནས་བོད་ལ་ལྷག་བསམ་ཡོད་པའི་ཆབ་སྲིད་པ་ཞིག་རེད་འདུག

དེ་རིང་ངས་རྒྱ་རི་སྒྲོལ་མའི་གསལ་བཤད་དེ་གཅིག་བཀླག་པ་ཡིན། དངོས་གནས་བསམ་བློ་བཏང་སྟངས་དེ་དངོས་གནས་བོད་ལ་ལྷག་བསམ་རྣམ་དག་ཡོད་མཁན་ཞིག་རེད་འདུག ཕྱི་རྒྱལ་ལ་སྡོད་པའི་བོད་རིགས། ལྷག་པར་དུ་རྒྱ་གར་ཡོད་པའི་བོད་རིགས་རྣམས་ནི་རང་འདོད་ཆེན་པོ། མཐོ་དགའ་དམའ་དོག་ཁོ་ནས་ཕྲག་དོག་གི་སྐད་ཆ་ཁོ་ན་བཤད་ནས་དུས་འདའ་མཁན་མང་པོ་རེད། འོན་ཀྱང་རྒྱ་རི་སྒྲོལ་མའི་བསམ་བློ་དང་། ལྷག་བསམ་འདི་་ལྟ་བུ་ཡོད་མཁན་མང་ཙམ་ཡོད་ན་ད་དུང་བོད་ཀྱི་དམངས་གཙོའི་ལས་ཀ་ལ་རེ་བ་ཡོད་པ་ཞིག་རེད་དྲན་བྱུང་། མ་འོངས་པར་ཁྱོད་རང་བཀའ་བློན་ཁྲི་པའི་ཁྲི་ཐོག་ཏུ་བཞུགས་ཐུབ་པའི་སྨོན་ལམ་ལན་བརྒྱ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཐོགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་ཁོང་ནས་དགོངས་པ་ཞུས་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།