དཔྱད་ཞིབ་བྱེད་དགོས་ཁམས་ཕྲུག་ཚོ།

ཁྱོད་ཁམས་པ་ཡིན་ང་ཁམས་པ་ཡིན་གང་ལྟར་ཁམས་པ་གཅིག་པ་རེད། དོན་དངོས་ཐོག་ནས་བཤད་ན་ཁམས་པ་གཙོ་བོ་དང་བོད་ཕལ་བ་ནི་དུས་ནང་ཡང་ཆགས་མི་སྲིད་པས། བསམ་བློ་སྔ་ཕྱི་གང་སར་བལྟ་ཐུབ་པ་དང་ཉན་ནས་ཤེས་ཐུབ་པའི་མི་ཞིག་ཡིན་ཕྱིན་ཁམས་པ་ཡིནའང་ཆོལ་ཁ་གཞན་གང་ནས་ཡིན་རུང་གང་ལྟར་རྐུབ་སྟེགས་ཞིག་ངེས་པར་ཕུལ་དགོས། ཁོང་ཚོས་རྩ་དོན་ཆེད་དུ་ལས་འགན་སྒྲུབ་འདོད་ཡོད་པ་དང་ནུས་པ་ཐོན་གྱི་ཡོད་པ་ཡིན་ན་དགའ་བསུ་ཞུ་རྒྱུ་རེད། གྱོང་ཕོགས་ན་ང་ཚོས་མྱོང་དགོས་པ་དང་ཁེ་བྱུང་ནའང་མཉམ་སྤྱོད་བྱེད་རྒྱུ་དེ་ལས་དབང་ཡིན། གང་ལྟར་སོ་སོའི་ལས་དབང་ལ་སོ་སོས་ཤེས་བཞིན་གཡང་སར་མཆོངས་ན་གང་ཡིན་མིན་མ་ཤེས་སམ་ཨ་རོག སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་པ་ང་ཚོའི་ཁ་དཔེར་ཡོད་ཡོད་རེད། དེ་རིང་སང་ཉིན་ལུགས་རྒྱས་ལ་རྨ་འབེབས་བྱས་ནའང་གང་ལྟར་ང་ཚོའི་ལོ་རྒྱུས་རེད། མི་རྒན་གྱི་འགྲོ་ལམ་དེ་མི་ཡག་པ་མཐོང་ཚེ་དེ་ལས་ལྷག་པའི་ལམ་ཞིག་གང་གི་ཕྱིར་མི་སྕལ་རམ། འཚོལ་དགོས་ལེགས་ངེས་འཇལ་བའི་བློ་གྲོས་བེད་སྤྱོད་དགོས་དོན་མེད་ཕ་རྒན་འཇུ་ཆེན་གྱི་ངན་བྱུས་ནང་འགྲོ་རྒྱུ་མེད། ཕ་རྒན་ངན་བྱུས་ཀྱི་རྒྱལ་པོ་རེད། ཁམས་ནང་ཁུལ་གྱི་རྙོག་ཁྲའི་གཏེ་པོ་མི་དེ་ནས་ཡོངས་ཀྱི་ཡོད་པ་དང་རྒྱབ་ལོག་ནས་ལས་ཀ་གང་བཀོད་བསྒྲིགས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་ཟིན་སོང། སྔ་ལོ་ལྷོ་ཕྱོགས་སུ་སྐད་ཆ་བཤད་པ་དང་ཕྱིས་སུ་གྲོས་ཚོགས་ལྷན་རྒྱས་དང་བཀའ་ཟུར་རྣམ་པ་ཉན་བཤད་བྱེད་དུས་ཀྱི་སྐད་ཆ་གཉིས་གཅིག་མཚུངས་མ་ཡིན་པ་དེ་ཉེ་དུས་ཀྱི་དཔང་རྟགས་ཡག་ཤོས་དེ་རེད། སོ་སོ་དཔྱད་དགོས། དྲ་བའི་ནང་གི་གནས་ཚུལ་བྱུང་ཁུངས་ལ་ཁག་གཉིས་ཡོད་པས་དོ་སྣང་དང་ཕྱོགས་ལྷུང་མེད་པའི་ལས་ཞིག་བརྩམས་ནས་ཚོད་བལྟ་བྱེད་དང། ད་བར་མི་ལྔ་བཅུ་ལྷག་རིང་བཙན་བྱོལ་ནང་ཕྱོགས་ལྷུང་ཐད་ཆེས་ཤུགས་ཆེ་ཤོས་ནི་ཁམས་པ་ཡིན་པ་གསལ་པོ་རེད། དེ་ནས་ཨ་མདོ་བ། དེ་ནས་དབུས་པ་བཅས་གང་ལྟར་རིམ་པ་བཞིན་ཡོད། ཤུགས་ཆེ་ས་ནས་ཆུང་དུ་གཏོང་ཐུབ་ན་ཆུང་ཆུང་རང་བཞིན་གྱི་མེད་པ་འགྲོ་རྒྱུར་བརྗོད་མི་དགོས། ཚོད་ལྟ་བྱེད་དགོས། ཁམས་པའི་མིང་ལ་གད་རྙིགས་མང་པོ་མི་དགོས། ང་རང་ཁམས་པ་ཡིན་ལ་བཙན་བྱོལ་ནང་དུས་ཡུན་རིང་པོ་མཚར་ལོང་བྱེད་ཡོད། ཁམས་ཞེན་དེ་ཙམ་མེད་གང་ལྟར་ཞེན་མེད་པ་ནི་མིན། ཆུང་དྲགས་པའི་སྐྱོན་ཆེན་པོ་མ་བྱུང་ཆེ་དྲགས་པའི་སྐྱོན་མང་པོ་འདུག


བརྗོད་གཞི་གཞན་ཁག་ལ་གཟིགས།