མདོ་སྟོད་ཀྱི་འོས་གཞི་ཡག་པོ་སྟོན་དགོས།

འོ་གཏམ་དྲང་པོ་བཤད་ས་ལ་སླེབས་དུས་དྲང་པོ་བཤད་དགོས་ཀྱི་རེད། ཅོ་རི་ཉི་མ་ཡིས་འཇུག་ཏུ་བསྡོམས་ཆུང་ཆུང་ཞིག་རྒྱབ་འདུག དེ་ལ་ཞིབ་བལྟ་བྱེད་དགོས་པའི་གནད་དོན་འགའ་མཐོང་བྱུང། གཅིག་བྱས་ན་ངོས་ཀྱི་བསམ་ཚུལ་གྱི་དུས་ཚོད་ཉིན་གསུམ་གནང་བ་དེ་རྫོགས་ཟིན་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན། འོན་ཀྱང་ད་ལྟ་བཀའ་ཁྲིའི་དང་སྤྱི་འཐུས་ཀྱི་འོས་ཤོག་དངོས་གཞི་བླུགས་པར་ཉིན་མང་པོ་ཡོད་སྟབས་དེ་ཙམ་གྱི་སྐྱོན་མི་མཐོང། གོང་གི་མི་ལྔ་པོ་དེ་དག་ལས་དང་པོ་དང་གཉིས་པ་ནི་བོན་གྱི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ཟེར་བའི་བོན་གྱི་གྲྭ་པ་དེ་རེད། ཁོང་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འཕྲེང་བའི་ནང་གོ་མིང་ཡོད་པ་ཞིག་ཏུ་འགྱུར་ཟིན་ཡོད། དེ་སྔ་བོན་གྱི་སྤྱི་འཐུས་རྐུབ་སྟེགས་འཇུ་ཟུང་གི་སླེབས་ཡོད་པ་དང་དེ་རྗེས་སྐབས་༡༥སྤྱི་འཐུས་ནང་མདོ་སྟོད་གྱི་རྐུབ་སྟེགས་ལ་ཚང་ཀ་རྒྱོབ་དགོས་པའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གཏན་འཁེལ་ཡོད། གང་ལྟར་མདོ་སྟོད་མི་མང་ན་ལ་དབྱེ་ཚན་མང་བ་དང་དེ་ནས་ཕྱོགས་ཞེན་ཆེ་བའི་རྐྱེན་གྱི་སྤྱི་འཐུས་ཡག་པོ་ཞིག་སླེབས་དཀའ་བོ་ཡོང་གི་ཡོད། མདོ་སྟོད་ནང་ཁུགྱི་དཀའ་རྙོག་མང་བའི་ཐོག་ད་ཆ་ལོ་འགའི་སྔོན་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་ཡང་ཚང་ཀ་རྒྱབ་མཁན་ཕལ་ཆེ་བ་མདོ་སྟོད་པ་ཆག་ཡོད། ཆོས་ལུགས་ཀྱི་སྤྱི་འཐུས་རྣམས་བཞུགས་ཡུལ་དུ་ཡག་པོ་བཞུགས་ན་ལེགས་དེ་མིན་ཆོལ་ཁའི་ནང་དོན་མེད་རྙོག་ཁྲ་མེད་པའི་ཐོགས་བསམ་བློ་མ་གཏོང་མོད་དེ་ལས་ལྡོག་སྟེ་རྙོག་ཁྲ་ཆེ་རུ་གཏོང་མཁན་གྱི་གཙོ་བོར་གྱུར་ཡོད། གཉིས་པ་དེ་བགྲོད་ཚོགས་ནང་སྐད་བསངས་མཐོ་བོས་མདོ་སྟོད་བསོད་ནམས་སྟོབས་རྒྱལ་གྱི་བདག་པོ་ཡིན་ཟེར་མཁན་གྱིས་འཇུ་ཆེན་དཀོན་མཆོག་ཟེར་བའི་བུ་མོ་ངོ་གདོང་གྱི་སྤགས་པ་ཐུག་པོ་ངང་ནས་མདོ་སྟོད་མི་མང་གྱི་མིང་ཡོངས་རྫོགས་ནག་པོ་བཟོ་མཁན་དེ་མ་རེད་པས། གྲོས་ཚོགས་ནང་སྐད་ད་དོན་དག་ཡོད་པ་ཉིན་གཅིག་བཤད་མ་མྱོང་བའི་མཁར་སྐད་ཆ་ཐེངས་གཅིག་བཤད་པ་དེ་ཡང་སྨྱོ་གཏམ་དང་དཧམ་གཏམ་གང་གི་ཁུངས་སུ་འཇོག་ཀྱང་མ་རེད་ཞིག་བརྗོད་མ་ཐུབ་ཞིག་བཤད་པ་ཀུན་གྱི་མཐོང་གསལ་རེད། དེ་འདྲ་བའི་མི་དེ་ཚོ་ང་ཚོའི་འཐུས་མི་ཡོང་མིན་ལ་བསམ་བློ་གཏོང་ཡོད་དམ། བསམ་བློ་གཏོང་དགོས་དུས་ཚུད་ད་དུང་ཡོད། མི་བཅུ་བདུན་པོ་དེ་དག་ལ་བསམ་ཚུལ་ཡོད་སྲིད་ཡིནའང་བརྒྱ་ཁ་གཅིག་གྲགས་མིན་པའི་ཆེད་དུ་དེ་རིང་གི་བསམ་ཚུལ་དེ་བྲིས་ཡིན། མདོ་སྟོད་མི་མང་གི་མིང་མ་འཁྱེར་སྒེར་གྱི་མིང་བྲིས།


བརྗོད་གཞི་གཞན་ཁག་ལ་གཟིགས།