དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། འཇུ་ཆེན་བུ་མོ་གཉིས་ལ་ང་ཤི་ནའང་འོས་མི་འཕེན་སེམས་ཐག་ཡིན།

གོང་འགོད་ཀྱི་མི་རྣམས་ཀྱི་གྲལ་ནས་ངས་སྤྱི་འཐུས་སུ་འོས་ཆོས་ཚང་བའི་མི་གཉིས་གཅིག་པུ་མཐོང་གི་འདུག གསེར་རྟ་ཚུལ་ཁྲིམས་དང་། འབའ་བསྐལ་བཟང་རྒྱལ་མཚན་གཉིས་རེད། དགེ་བཤེས་གཡང་དྲུང་རྒྱལ་མཚན་དང་། འཇུ་ཆེན་བུ་མོ་གཉིས་ནི་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་ཁུར་ནས་བསམ་བཞིན་དུ་བོད་ཀྱི་བསྟན་སྲིད་ལ་དཀྲུག་ཤིང་སློང་མཁན་རང་རེད། བོད་བསྟན་སྲིད་ལ་ལྷག་བསམ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་མི་འདི་གཉིས་འོས་བླུགས་ན་སྨྱོན་པ་ངོ་མ་རེད། ཁོ་རང་ཚོའི་ཞབས་འདྲེན་གང་འདྲ་བཞག་ཡོད་པ་ངས་རྗེས་མར་འགྲེལ་བཤད་ཞུ་ཆོག ལར་ནི་ཁྱེད་རང་ཚོའི་གཟིགས་དང་ཡུའི་ཏྲུབ་ནང་ལ་འཛམ་བུའི་གླིང་སྒང་ལ་གསལ་ཡོད་རེད།


བརྗོད་གཞི་གཞན་ཁག་ལ་གཟིགས།