བདག་པོ་མ་ཐུབ་ན་དྲྭ་རྒྱ་སྒོ་གཏན།

ངོ་མ་ཚ་ན་དྲྭ་སྦྲེལ་ལྟོས། http://www.shambalapost.com/blog/viewpost/4612 སྐྱག་པ་གཟའ་མཁན་གྱི་རྒྱ་གར་དམག་དཔོན། དྲྭ་ཚིགས་འདི་ལ་བདག་པོ་རྒྱག་མཁན་འདྲ་ཡོད་རེད་བས། དེང་སང་དྲྭ་རྒྱ་འདི་ནི། མི་འགའ་ཤས་ཤིག་གིས་རྩེད་མོ་རྩེ་སྤྱད་བཟོ་བཞིན་འདུག དེའང་དོ་དམ་བྱེད་མཁན་དང་། ཇུས་གཏོགས་བྱེད་མཁན་ཞིག་རྩ་བ་ནས་མི་འདུག་བ། གལ་སྲིད་དོ་དམ་དང་བདག་པོ་རྒྱག་མ་འདོད་ན། དང་པོ་ནས་འདི་འདྲ་བཟོ་ཡ་མེད་ནི་རེད། དྲྭ་རྒྱ་འདིའི་ནང་ནས་དེང་སང་བོད་ཀྱི་སྐད་ཡིག་ལ་གཏོང་སྐྱོན་གཏོང་བཞིན་འདུག་བ། ཡིད་མ་ཆེས་ན། དྲྭ་རྒྱ་འདིའི་ནང་གི་རྩོམ་རྐུ་མཁན་མང་པོ་ཐོན་འདུག་པ་དང་། དམག་དཔོན་ཡིན་ཟེར་འདྲ་དང་། ཁྲིམས་དཔོན་ཡིན་ཟེར་འདྲ། ཁྲིམས་ཞིབ་ཁང་ཡིན་ཟེར་འདྲ་མང་པོ་བྱུང་འདུག་བ། ཡིན་ན་རེད་དེ། མི་འདི་ཚོས་བོད་ཀྱི་སྐད་ཡིག་རང་ས་ནས་ཡག་པོ་ཞིག་འབྲི་མཁན་བྱུང་འདུག་བས། དེ་ཚོ་ཚང་མ་ལ་ལྟ་གཏོགས་བྱེད་མཁན་གཏན་ནས་བྱུང་མི་འདུག ཁ་བརྡ་དྲྭ་བ་རེད་དེ། ཟིན་བདག་པོས་ཚད་བཀག་དང་། འབོད་བསྐུལ། ཉེན་བརྡ་སོགས་ཡོད་ནི་རེད། ད་ལྟའི་དམག་དཔོན་ཟེར་མཁན་དེར་ལྟོས་དང་། རང་ལ་ཤེས་ཡོན་གྱི་སྐྱག་འབུ་ཙམ་གྱི་སྲོག་ཀྱང་མེད་པ་ཞིག་གིས། བཀུར་འོས་ཟིན་བྲིས་པ་མང་པོ་ཞིག་ལ་སུན་པོ་དང་། བརྙས་བཅོས་བྱེད་ཀྱི་འདུག་བ། ཁོས་བྲིས་པའི་(རྒྱ་གར་ཉེན་རྟོག་ལས་ཁུང་གི་བཅའ་ཁྲིམས་གསལ་བསྒྲགས)ཟེར་མ་འདི་ལྟོས་དང་། ཡིག་ནོར་དང་དོན་ལོག་ག་ཚོད་མི་འདུག་བས། དངོས་གནས་འདི་ཚོ་ཐོན་མི་སམ་བྷོ་ཏྲས་གཟིགས་ན་སྤྱན་ཆབ་བསིལ་ངེས། ཡིན་ནའང་དྲྭ་རྒྱའི་འདིར་བདག་པོ་རྒྱག་མཁན་མེད་པ་ནི། ནམ་རྒྱུན་ལྟར་ཡིན་འདུག རང་ཉིད་ལ་སྟངས་འཛིན་བྱེད་པའི་འདོད་མོས་མེད་ན། བོད་ཀྱི་སྐད་ཡིག་གཏོར་བརླག་བཞིན་པའི་དྲྭ་རྒྱ་འདི་ཚོ་སྒོ་རྒྱག་ན་དགེ་ཕན་ཆེན་པོ་ཆགས། དེ་མིན་རང་གིས་ཚད་བཀག་དང་། བཅོས་བསྒྱུར་གྱི་ཡོན་ཚད་མེད་ན། ཟིན་བྲིས་པ་གཙོ་གྲས་དང་། ཤེས་ཡོན་ཅན་དག་ལ་རྩིས་འབུལ་ཞུས་ན་མཐུན་ལུགས་རེད། དེ་འདྲ་ཁུར་ལེན་མེད་པ་སྣང་ཤེས་གང་དྲན་གྱིས་བྱ་སྤྱོད་འདི་མུས་བཞག་ན། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་སྤྱོད་སྒོ་བཅོས་བསྒྱུར་ལ་རམ་འདེབས་ཀྱི་གཏོང་རྒོལ་འཛུགས་བསྐྲུན་བྱས་པ་མཚུངས་ལུགས་ཡིན། གོང་གི་དམག་དཔོན་ཡིན་ཟེར་མཁན་འདི་ནི་དཔེར་མཚོན་ཞིག་རེད། དེ་མིན་དྲྭ་རྒྱ་འདིའི་ནང་ལ་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་མེད་པའི་རང་མིང་ཡང་དག་པོ་འབྲི་ཐུབ་མེད་པ་རྣམས་ནི། བལྟས་ཀྱིན་ལྟས་ཀྱིན་ངོ་ཚས་སྨྱོས་བྱེད་རང་རེད་་་་་་་་་་་ བོད་ཀྱི་སྐད་ཡིག་ལ་དགའ་མཁན་དེས་བོད་ཀྱི་བརྡ་དག་སྐྱོན་གཏོར་བྱེད་བཞིན་པའི་དུས་སྐབས་ཤིག་ལ་མ་ནོར་ཡིག་ཕྲེང་དང་པོའི་རྒོལ་གཏམ་སྤེལ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱ་ནག་གཞུང་གིས་སླར་ཡང་བཙུན་མ་ཞིག་ནད་གཅོང་བཟོས་པ།"



བརྗོད་གཞི་གཞན་ཁག་ལ་གཟིགས།