འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

ཐོག་མར་མདོ་ཁམས་ལི་ཐང་ཚོགས་པའི་ཁྲིམས་མཐུན་དེབ་སྐྱེལ་གྱི་མཛད་སྒོར་མཛའ་སེམས་གུས་པས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། དེརིང་ངའི་གོ་སྐབས་འདི་རྒྱུད་ནས་མདོ་ཁམས་ལི་ཐང་དབུས་སྤྱི་ཁྱབ་ཚོགས་གཙོ་དང་དབུས་རྒྱུན་རྣམ་པས་ལྷ་བསམ་རྣམ་དག་དང་ལས་ཁུར་ཧུར་སྐྱེད་ཐོག་གྲུབ་འབྲས་གང་འཚམས་བྱུང་བར་བསྔགས་བརྗོད་དང་ཡི་རངས་ཡོད། ལྷག་པར་ཚོགས་པ་འདི་གལ་ཆེན་པོ་དང་མ་འོང་པང་དྲ་རྒྱ་དང་ཚག་པར་སོགས་ཀྱི་ཐོག་ཁྱབ་བསྒྲགས་དང་དྲན་གསོ་ཞིག་གཏོང་དགོས་པ་གལ་ཆེན་དུ་མཐོང་ཞིང། ང་ཚོ་ཕྱོགས་བསྡོད་ལི་ཐང་པའི་སེར་སྐྱ་མང་ཚོགས་ནས་ཀྱང་ཁུ་བྱུག་གི་གནམ་ཆུ་དང་། རྨ་བྱའི་འབྲུག་སྒྲ་བཞིན་རེ་བ་དང་རྣ་བ་ཀྲོང་ཀྲོང་བྱས་ཏེ་ཉན་ཡོད། མཐའ་དོན་མདོ་ཁམས་ལི་ཐང་ཚོགས་པའི་དབུས་ས་གཉིས་ཀྱི་ལས་དོན་ཁག་ལམ་ལྷོང་ཡོང་བ་དང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པར་སྨིན་པའི་ཞབས་འདེགས་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། བཀྲ་ཤིས་བདེ་ལེགས།


བརྗོད་གཞི་གཞན་ཁག་ལ་གཟིགས།