བསྟན་འཛིན་འཕགས་པ།

བསྟན་འཛིན་འཕགས་པ་ལགས། ལྷ་ཡིས་མཐོང་བ་མི་ཡིས་མི་མཐོང་ལའང་། མི་ཡིས་མཐོང་བ་འདྲེ་ཡིས་ག་ནས་མཐོང་། ང་གཉིས་མཐོང་ཚུལ་མི་མཐུན་པ་ཡིན་པ་དངོས་ཡོད་གནས་ཚུལ་རེད། ངས་ཉིད་ལ་གནས་ལུགས་དང་རྒྱུ་མཚན་བཤད་ཡོད་པས་དེ་དག་ལན་འདེབས་སམ་བགྲོ་གླེང་གནང་བ་ཡིན་ན་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ལ། སྤྲང་པོ། མ་རབས། སྤྱོད་ངན་ཞེས་ངན་སྨྲས་ཀྱི་བྱ་ནི་རྣམ་དཔྱོད་ལྡན་པ་ཞིག་ལ་ངེས་འཛིན་བྱ་རྒྱུ་མིན་ལ་ཉིད་ཀྱི་ཐོགས་མར་གསུངས་པའི་རྗེས་ལུགས་ངོ་མ་དེ་ཡིན་པ་ཤེས་པར་བགྱིས་ཤིག གོང་གི་ངེད་ཀྱི་མཆན་བུ་དེ་དག་ལ་ཡང་སྐྱར་ཐེངས་གཅིག་ཉུལ་ཞིབ་མཛད་ནས་དེ་དག་གི་བརྗོད་དོན་དང་གནས་ལུགས་ལ་དགག་རྒྱག་གནང་ན་ཕན་ཚུན་གཉིས་ཕན་ཡོངས་ངེས་པས་སྙིང་མི་དགའ་བ་མ་བྱེད་ཅིག་རང་མདོག་ཁྲོམས་སྒྲགས་མ་བྱེད་ཅིག འདི་ནས་གསལ་བཤད་བྱ་རྒྱུར་གོང་ལྟར་བགྲོ་གླིང་གནང་བ་ཡིན་ན་གུས་པས་ཀྱང་གང་ཤེས་མཉམ་ཞུགས་ཞུ་ཆོག དེ་མིན་ཚིག་ངན་ཁོ་ན་བེད་སྤྱོད་གཏོང་བ་ཡིན་ན་དགོས་པ་མིན་འདུག་པས་དགོངས་པ་ཞུ། བདེ་མོ་བཞུགས།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དམིགས་ཡུལ་ཡག་ཀྱང་ཐབས་ཤེས་དེ་ནོར་བ་རེད། "



བརྗོད་གཞི་གཞན་ཁག་ལ་གཟིགས།