ཞོགས་དུང་གློད་གྲོལ་བཏང་འདུག

བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་དྲ་ཚིགས་སུ་ཟླ་འདིའི་ཚེས་༡༤ཉིན་རྩོམ་པོ་ཞོགས་དུང་གློ་བུར་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་པས་མ་ཚད་ཁོང་ཉིང་བདེ་ཐང་ཡིན་ཚུལ་ཡང་བཀོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༤ བའི་ནང་ཁོང་ལ་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཚུལ་ཙམ་ལས། དོན་དངོས་གནས་ཚུལ་གང་ཞིག་གིས་རྐྱེན་པས་ཁོང་ཉིད་འཛིན་བཟུང་བྱས་ལུགས་འགྲེལ་བརྗོད་བྱས་མེད་ལ། ཐེངས་འདིར་ཡང་ཁོང་གི་ཁྲིམས་རྩོད་པ་ལིས་ཧྥང་ཕིན་གྱིས། ཁོང་ཉིད་གློད་གྲོལ་བཏང་ཡོད་པ་དང༌། སྐུ་གཟུགས་བདེ་ཐང་ཡིན་པ་ཙམ་ལས་གཞན་འགྲེལ་བརྗོད་ཁ་གསལ་ཡང་མེད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༦ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༡༡༣༢༥
ཞོགས་དུང་ལགས།
ཁྱེད་ནི་ངའི་སྙིང་ཁོང་གི་རུས་པ་དང་།
ངའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ལགས་པས་ཁྱེད་ཉིད་ལ་ངས་དགུང་ལོ་དཔག་མེད་ཐུབ་པའི་སྨོན་འདུན་ཞུ།
དྲ་གྲོགས་རྣམས་པ་ཞོགས་དུང་གི་ལྟ་ཚུལ་ལ་བསམ་ཆར་མཐོང་ན་འདིར་ཡི་གེར་འགོད་རོགས་དང་ངས་དོག་གཅོད་ཞུ་འོངས་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།