རང་གི་མགོ་རང་ཉིད་ཀྱིས་རྡོར་ཞུས་པ་དང་ཅི་མི་འདྲ།

གྲོགས་པོ་ཁྱེད་ཀྱིས་གསུང་པ་ལྟར་བྱས་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཐམས་ཅད་རྒྱལ་ཁབ་གཞན་ལ་བརྟེན་མི་དགོས་པ་ལྟ་བུ་དང་ང་ཚོ་ནི་གཞན་ལ་མ་བརྟེན་པར་འཚོར་གནས་མི་ཐུབ་པར་ལྟ་བུ་ཞིག་གསུངས་འདུག། ད་དུང་རྒྱལ་ནག་དེ་བཞིན་སྟོབས་འབྱོར་མངའ་ཐང་རྟག་གཏན་ཅན་ཞིག་ལ་ངོས་འཛིན་ཡོད་ཚོད་འདུག། དེ་ནི་ཁྱོད་རང་བློ་རྒྱ་ཆུང་དྲག་པའི་སྐྱོན་ལས་གཞན་ཅི་ཡང་མིན་ཏེ། བོད་དེ་ཉིད་རྒྱ་ནག་གི་མངལ་ཁོང་སུ་མ་སྡོད་ཀྱང་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་ཆོག་སྟེ་དཔེ་ན་འབྲུག་རྒྱལ་ཁབ་བཞིན། རྒྱ་ནག་མཉམ་དུ་མ་སྡོད་ན་འཚོར་གནས་མི་ཐུབ་པ་ཡང་མ་ཡིན་ཏེ། སོགས་པོ་དང་། འབྲུག་སོགས་དཔེ་གྲངས་ལས་འདས། རྒྱ་ནག་དེ་ཡང་འགྱུར་མེད་རྟགས་པ་ཞིག་མ་ཡིན་ཏེ། དཔེ་ན་ཨོ་རོ་སུ་བཞིན། རྒྱ་ནག་ལ་ཞན་ཆ་མེད་པར་མ་ཡིན་སྟེ། རང་གི་རྒྱལ་ཁོང་མི་མང་གིས་སྲིད་གཞུང་ལ་ཡིད་ཆེས་ལོ་རེ་བཞིན་ཆུང་རུ་འགྲོ་བཞིན་པ། མི་མང་རྣམས་ལ་སྔོན་ཆད་ལྟར་ཕྱི་ཕྱོགས་ཀྱི་གསར་འགྱུར་དང་མང་གཙོའི་གོ་རྟོག་གི་སྒྲགས་གཏམ་རྣམས་འགོག་པའི་ནུས་པར་མེད་པ། མི་མང་རྣམས་སྔོན་ཆད་ལྟར་དཔལ་འབྱོར་སོགས་ཀྱི་བཀའ་ངལ་མེད་པའི་དངུལ་དངོས་ཅིག་པུའི་འགྲིགས་ཐབས་ཀྱི་བསམ་པ་མེད་པར། མི་མང་རྣམས་ལོ་རེ་བཞིན་ཤེས་ཡོན་ཡ་རྒྱས་འགྲོ་བཞིན་པའོ། ང་ཚོ་ལ་ཡོད་པའི་ནུས་པ་ནི་ལོ་རེ་བཞིན་ཡ་རྒྱས་འགྲོ་བཞིན་ཡོད་དེ། གཞོན་སྐྱེས་རྣམས་རྒྱལ་ཞེན་གྱི་བསམ་པ་ལོ་རེ་བཞིན་ཇེ་ཆེ་འགྲོ་བའི་དན་རྟགས་སུ་༢༠༠༨ལོར་ས་བྱིས་ཞི་རྒོལ་ནང་མཉམ་ཞུག་རྣམ་ཁན་མང་ཆེ་བ་སྐར་ལྔ་དར་དམང་འོག་ནས་ཚར་ལོང་བྱུང་བའི་གཞོན་སྐྱེས་རྣམས་ཡིན་པ། རྒྱ་དམར་གྱིས་དུས་རྒྱུན་དུ་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལོ་རྒྱུན་རྫུན་མ་འུ་སྒྲོགས་བྱེད་བཞིན་པ་རྣམས་ལ་ལོ་རེ་ནས་ལོ་རེ་་བཞིན་རྫུན་རྐུབ་དོན་བཞིན་པ་དང། དངོས་ཡོད་བོད་ཀྱི་སྔོན་ཆད་ཀྱི་ལོ་རྒྱུས་རྣམས་འཛམ་གླིང་འདིའི་སྟེང་ཇེ་གསལ་དང་བོད་མི་རྣམས་ཀྱིས་གོ་རྟོགས་ཇེ་ཟབ་དུ་འགྲོ་བཞིན་པ། བོད་མི་རྣམས་སྔོན་ཆད་དང་མི་འདྲ་བ་དུས་རབ་དང་མཐུན་པའི་སློན་སྦྱོང་གི་གོ་སྐབས་ཐོབ་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་པ། བོད་མི་རྣམས་ལ་རྒྱལ་ཁབ་གཞན་སུ་ལ་ཡང་མེད་པའི་དབུ་ཁྲིད༧གོང་ས་མཆོག་ཡོད་པར། རང་བཙན་ཤོར་བའི་རྒྱལ་ཁབ་སུ་ལ་ཡང་ཡོད་མ་མྱུང་བས་ཚག་སུ་ཚུད་པའི་སྐྱབས་བཅོལ་གྱི་གཞུང་བཟང་པོ་ཞིག་ཡོད་པར། འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་སྨོན་ཤོར་ཡུལ་གྱི་རིགས་གཞུང་ཐེག་པ་ཆེ་ཅུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་སྤུས་གཙང་ཞིག་ཡོད་པར། འཁོར་ཡུག་གི་ཆ་ནས་ཨེ་ཤ་ཡའི་དཀྱིལ་འཁོར་འདིའི་གལ་གནད་ཆེ་ཤིང་མི་འབོར་ས་ཡ་མང་པོའི་གཏུང་ཆུའི་འབྱུང་ཁུང་ཡིན་པར། སོགས་ཤིན་ཏུ་མང་བས་སོ།་ གྲོགས་པོ་སེམས་ཤུགས་མ་ཆག་ལོ། བོད་རང་བཙན་། བོད་རྒྱལ་ལོ། རང་ཉིད་ཀྱིས་འབད་དགོས་པ་ལས་མི་གཞན་དང་རྒྱལ་ཁབ་གཅིག་པུ་ལ་ལག་པ་ཀྱང་ནས་སྡོད་མི་ཉན་ཡ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ང་ཚོས་རང་བཙན་བརྩད་པས་ན་དགོས་བ་གང་ཡོད།"



བརྗོད་གཞི་གཞན་ཁག་ལ་གཟིགས།