རང་གི་མགོ་རང་ཉིད་ཀྱིས་རྡོ་ཞུས་པ་དང་ཅི་མི་འདྲ།

རྒྱལ་གར་གྱིས་ཕྱོགས་གཅིག་ནས་་༡༩༡༤ལོར་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་ངོས་འཛིན་ཡོད་པ་ལྟ་བུ་བཤད་ཀྱིན་ཡོད་ཀྱང་དེ་རྒྱལ་གར་རང་ཉིད་ལ་ཁེ་ཕན་རག་ཐབས་ཁོ་ན་ལས་བོད་པའི་ཁྱེད་དུ་མིན་པར་བོད་མི་རྣམས་ཀྱིས་ཤེས་དགོས་གལ་ཆེ། ཕྱོགས་གཅིག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་པར་ནི་རང་ཚིག་སྔ་ཕྱི་འགལ་བ་ལས་མ་འཆིས་སོ། ལོ་རྒྱུས་ཐོག་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་ཡོད་མྱོང་མེད། རྒྱ་དཀར་ནག་གཉིས་ཀྱིས་སཚམས་སྐོར་སྐད་ཆ་བཤད་རྒྱུའི་ཐོབ་ཐང་གང་ཡང་མེད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ས་ཁྲའི་ནང་ཨ་རུ་ཎ་ཅ་རྒྱ་ཁོངས་སུ་བྲིས་འདུག "



བརྗོད་གཞི་གཞན་ཁག་ལ་གཟིགས།