མ་ཉེས་ཁ་གཡོག

བསྟན་འཛིན་འཕགས་པ་ལགས། ཁྱེད་ཀྱི་མགོན་སྐྱབས་སུ་གྱུར་པའི་མཁས་དབང་བློ་བཟང་སེང་གེར་སྤྱི་ཚོགས་ཐོག་ལབ་གླེང་བྱེད་བཞིན་པའི་གནས་ཚུལ་འདི་རིགས་གཏན་ནས་མེད་ན། ཁྱེད་ཅག་གིས་མཁས་དབང་བློ་བཟང་སེང་གེར་དོན་དངོས་གནས་ཚུལ་དེ་དག་མེད་པའི་ཁུངས་ལུང་རྒྱུ་མཚན་དང་། དངོས་ཡོད་བདེན་པའི་ལམ་ནས་གསལ་བཤད་ཅིག་ངེས་པར་གནང་གལ། ཁྱེད་ནས་སྤྱི་ཚོགས་ཐོག་གི་སྐད་ཆ་རྣམས་ཀླ་ཀློས་བཟོས་པར་ཐག་བཅད་འདུག་ལ། གུས་པ་རྒྱ་ནག་ཀླ་ཀློའི་རྒྱུག་ཁྱི་ཡིན་པར་ཐག་ཆོད་ཚུལ་ཡང་བཀོད་འདུག་པ་འདི་དག་ལ་ཁུངས་ལུང་རྒྱུ་མཚན་ཞིག་ངེས་པར་དགོས་པར་སེམས། ཁྱེད་ནས་གུས་པར་ཤ་ཚ་ཞིང་། སྙིང་རྗེའི་ཡུལ་དུ་གཟིགས་པར་བཀའ་དྲིན་ཆེ་ཞུ།


བརྗོད་གཞི་གཞན་ཁག་ལ་གཟིགས།