ཉིན་༤རིང་གི་གསུང་ཆོས།

ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་རིང་ཞོགས་པར་བོད་མིའི་༧ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་རྒྱ་རིགས་རྣམས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་༼དབུ་མའི་རྩ་བ་ཤེས་རབ་༽དང༌། རྗེ་རིན་པོ་ཆེས་མཛད་པའི་༼རྟེན་འབྲེལ་བསྟོད་པ།༽ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་༼བྱང་ཆུབ་ལམ་སྒྲོན་༽ ད་དུང་རྗེ་རིན་པོ་ཆེས་མཛད་པའི་༼ལམ་རིམ་བསྡུས་དོན་༽བཅས་བཀའ་ཆོས་བསྩལ་རྒྱུ་ཡིན་འདུག

ཐེངས་འདིའི་གསུང་ཆོས་ཐོག་ཐའེ་ཝན་ནང་པའི་ཆོས་ཚོགས་ནས་ཆོས་ཞུ་བ་མི་གྲངས་༡༣༠༠ཙམ་སླེབས་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཆོས་ཞུ་བ་༡༡། གཞན་བོད་མི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་༥༧ནས་དད་ལྡན་ཆོས་ཞུ་བ་མི་གྲངས་༤༡༣༠ལྷག་ཕེབས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བཀུར་འོས་གྲོགས་པོ་ཚེ་རིང་ལགས། སྐུ་ཉིད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། དངོས་གནས་རྒྱུ་རྐྱེན་འདྲ་མིན་གྱི་ཐོག་ནས་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་གཏན་རེད། འོན་ཀྱང་གསལ་བཤད་ཞུ་རྒྱུ་ཞིག་ལ་ཚེས་༤ནས་༧བར་ཉིན་གྲངས་༣རིང་ཟེར་བ་དེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲ་རྒྱའི་ནང་དེ་བཞིན་བཀོད་འདུག་པས། གུས་པས་ཀྱང་དེ་བཞིན་དུ་བྲིས་པ་ཞིག་ཡིན་ཞུ། སྐུ་ཉིད་ཀྱིས་མཁྱེན་བཞིན་ཡོད་ཤག་ལ་༧གོང་ས་མཆོག་གི་དྲ་རྒྱའི་ཁ་བྱང་ནི། http://www.gyalwarinpoche.com/programhome.php རེད། ཐུགས་རྗེ་ཆེ།
2 ༠༢༢༠༡༠༠༨༠༨
ཚེ་རིང་ལགས། ཁྱེད་ནས་ཤམ་བྷ་ལའི་ཕོ་ཉའི་དྲྭ་རྒྱའི་ཐོག་ཡིག་ནོར་གང་ཉུང་ཡོང་རྒྱུར་འབོད་སྐུལ་གནང་འདུག་པས། ཐུགས་རྗེ་ཆེ། འོན་ཀྱང་ཤམ་བྷ་ལའི་དྲྭ་ཐོག་གི་ཡིག་ནོར་ཕལ་མོ་ཆེ་བསམ་ཚུལ་འདོན་མཁན་རྣམས་དང་། ཟིན་བྲིས་པ་རྣམས་ཡིན། དཔེར་ན་ཚེ་རིང་ལགས་ཁྱེད་ཉིད་ནས་ཡིག་ནོར་ལ་སྐྱོན་བརྗོད་གནང་འདུག་ཀྱང་། སྐུ་ཉིད་ཀྱི་བསམ་ཚུལ་དེའི་ནང་དུའང་ཡིག་ནོར་གསར་འགཏོད་དང་། བྷམ་བ་ལའི། ཤམ་ལའི་ཞེས་ཡིག་ཕྲེང་གསུམ་ནང་ཡིག་ནོར་གསུམ་འདུག་པས་ང་ཚོ་ཚང་མས་གཟབ་དགོས་པའི་གནས་ཤིག་རེད་མི་འདུག་གམ།
གསུང་ཆོས་ཚེས་ ༤ ནས་ ༧ བར་གནང་གཏན་འཁེལ་ན་ཉིན་གྲངས་གསུམ་མིན་པར་ཉིན་བཞི་ཡིན་འདུག་པས་རྩོམ་སྒྲིག་པ་དང་། གསར་འགཏོད་པ་བཅས་ནས་ཐུགས་སྣང་གིས་དྲྭ་རྒྱ་འདི་བཞིན་ཡིག་ནོར་སོགས་ཀྱི་སྐྱོན་ཆ་ཆུང་རིགས་ནས་མེད་པ་ཞིག་ལ་འབད་པར་འཚལ་ཞེས་ཞུ་རྒྱུ་དང་། བྷམ་བ་ལའི་དྲྭ་རྒྱར་ཡང་ཡང་ལྟ་བཞིན་ཡོད་ལ། བྷམ་ལའི་ཕོ་ཉ་ལ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་དྲྭ་རྒྱ་གཞན་ལས་ཤམ་བྷ་ལའི་གསར་འགྱུར་དཀོན་པ་དང་། དུས་ཐོག་ཏུ་གསར་འགྱུར་མི་སྤེལ་བའི་སྐྱོན་ཆེ་ཙམ་འདུག་པས་ལྷན་རྒྱས་ནས་གསར་འགྱུར་གྱི་རིགས་མང་ཙམ་བཀོད་གནང་ཡོད་པ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།