ལས་རིཌ་སྦྱོང་བརྡར་སྤྲད་འཆར།

དེ་རིང་བཙན་བྱོལ་བོད་གཞུང་ནང་སྲིད་ལྷན་ཁང་གིས་བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་ལས་མེད་ཁག་ཅིག་ལ་ལས་རིགས་སྦྱོང་བརྡར་ཞིག་སྤྲད་འཆར་ཡོད་སྐོར་གསར་བསྒྲགས་སྤེལ་ཡོད་པ་རེད། ལས་རིགས་སྦྱོང་བརྡར་དེའི་ནང་མཛེས་བཟོ་དང༌། འཚེམ་བུ། ཤིང་བཟོ། ཁ་པར་ཞབས་ཞུ། སྐྲ་བཟོ་སོགས་ཁྱོན་ལས་རིགས་རྣམ་གྲངས་ཁག་༧ཙམ་ཡོད་འདུག

ལས་རིགས་དེར་ཁྱོན་ས་མིག་གྲངས་༥༤ཡོད་པའི་ནང༌། མཛེས་བཟོ་དང་སྐྲ་བཟོ་སྦྱོང་བརྡར་ལ་ས་མིག་གྲངས་༣༠དང༌།  ཁ་ལག་བཟོ་སྟངས་སྦྱོར་བརྡར་ལ་ས་མིག་གྲངས་༦འཚེམ་བུ་ལ་ས་མིག་གྲངས་༥བཅས་ཡོད་འདུག

སྦྱོང་བརྡར་དེ་ནི་རྒྱ་གར་ལྷོ་ཕྱོགས་བྷན་ལོ་རུ་འདི་ལོ་ཕྱི་ཟླ་༡༢པའི་ཚེས་༡༧ནས་འོག་འཛུགས་བྱ་རྒྱུ་རེད་འདུག་ལ། འཛུལ་ཞུགས་བྱ་བློ་ཡོད་རིགས་འདི་ལོ་ཕྱི་ཟླ་༡༠པའི་ཚེས་༡༥ཚུན་ས་གནས་གཞིས་གྲོང་གི་ལས་ཁུངས་དང་ཡང་ན་བོད་གཞུང་ནང་སྲིད་ལས་ཁུངས་གང་རུང་དུ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག ཞིབ་ཕྲའི་གནས་ཚུལ་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལ་གཟིགས། www.tibet.net ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༢༩ཉིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།