ཐབས་ཡག་ཤོས་གྲོས་མོལ་རེད།

ཕྱི་ལོ་༢༠༡༠ཟླ་༩ཚེས་༢༠ཉིན་ཨ་རི་གཞུང་ནས་བོད་རྒྱ་འབྲེལ་མོལ་ཐོག་འཛིན་པའི་སྲིད་བྱུས་བསྐྱར་ཏུ་ར་སྤྲོད་པའི་སྒོ་ནས་དྲུང་གཞོན་སྐུ་ཞབས་ཇེམ་སི་སི་ཊེན་བྷག་(James Steinberg)གིས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་གྲོས་མོལ་བརྒྱུད་ཡིན་སྐོར་་གསུངས་ཡོད། དེ་ཡང་སྐུ་ཞབས་ཇེམ་སི་ལགས་ཀྱིས་ཨ་རི་གཞུང་དང་རྒྱ་ནག་དབར་འབྲེལ་ལམ་གྱིས་ཨེ་ཤི་ཡའི་ནང་ཤུགས་རྐྱེན་(Impact of US-China Relations in Asia)ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གྲུབ་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་དོན། ང་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ནི་ང་ཚོས་རྒྱ་ནག་དང་གཟབ་ནན་ངང་འབྲེལ་མཐུད་བྱས་ཏེ་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་པེ་ཅིང་དུ་ཡོད་པའི་རྒྱ་གཞུང་གཉིས་དབར་ཐད་ཀར་གྲོས་མོལ་ཡོང་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུངས་པ་དང། དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། ངས་བསམ་ཚུལ་ལ་གནད་དོན་འདི་རིགས་མཐར་ཐུག་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་ཀྱི་རེད་མ་གཏོགས་ཕྱི་མིས་སེལ་ཐུབ་ཀྱི་རེད་དྲན་གྱི་མི་འདུག
ཨོ་བྷ་མའི་སྲིད་གཞུང་གི་བསམ་ཚུལ་ལ་གྲོས་མོལ་ནི་མི་ཚང་མས་མོས་མཐུན་ཡོད་པ་ཞིག་ཡིན། དེར་བརྟེན་ང་ཚོས་གྲོས་མོལ་ཐོག་འབོད་སྐུལ་ཤུགས་ཆེ་བྱེད་བཞིན་ཡོད། བོད་ནང་གི་ཆོས་དང་རིག་གཞུང་ཐོབ་ཐང་གི་གནད་དོན་ནི་ཨ་རི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱ་ཁྱབ་ཆེ་བའི་དམ་བཅའ་ཞིག་ཡིན། ང་ཚོའི་བསམ་ཚུལ་ལྟར་ན་བོད་རྒྱ་གྲོས་མོལ་གྱི་སྒྲོམ་གཞིའི་ནང་གནད་དོན་འདི་དག་གླེང་རྒྱུ་ནི་ཐབས་ལམ་བཟང་ཤོས་ཤིག་ཡིན་ཞེས་གསུངས་ཡོད།། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༥ཉིན། བོད་གཞུང་དྲ་གནས་སུ་བཏུད།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།