བོད་ཀྱི་སྙན་ཐོར་བགྲོ་གླེང་།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་འགའ་དང་བོད་མི་ཁག་ཅིག་གིས་ཟླ་༠༩ཚེས་༢༡ཉིན་འདི་སྔོན་ཨ་རིར་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པ་ཞེས་པས་བཏོན་གནང་བའི་བོད་སྐོར་གྱི་སྙན་ཐོ་ཞིག་ལ་གཞི་བཅོལ་ནས་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

དེ་ཡང་བགྲོ་གླེང་སྐབས་སུ་ཞུགས་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོགས་ཞུགས་པ་དེ་ཚོས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་དེས་བཏོན་གནང་བའི་སྙན་ཐོ་༼ང་རང་རང་གི་མིག་གིས་དངོས་སུ་མཐོང་སོང་༽ཞེས་པར་གཞི་བཅོལ་ནས་བགྲོ་གླེང་གནང་ཡོད་པ་དང་། དེ་ཡང་༢༠༠༨དང་༢༠༡༠ལོའི་བར་བོད་ནང་གི་ཞི་རྒོལ་ཆེན་མོ་ཐེ་བའི་ལས་འགུལ་རབ་དང་རིམ་པ་ཁག་གི་དངོས་ཡོད་གནས་སྟངས་དང་རྒྱ་ནག་གི་དྲག་སྡེ་དཔུང་དམག་དང་ཉེན་རྟོག་རུ་ཁག་སོགས་ནས་བོད་ནང་གི་བོད་མི་ཚོར་མནར་གཅོད་དང་བཙོན་འཇུག རྡུང་གསོད། དྲང་བདེན་མིན་པའི་ཁྲིམས་ཐག་ཇི་ལྟར་གཅོད་མིན་སོགས་རྒྱས་པའཁོད་ཡོད་པའི་སྙན་ཐོ་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཀྱང་མཐོང་དང་ཆ་འཇོག་ཆེན་པོ་ཐོབ་སྟེ་གསར་འགོད་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་ཁྱབ་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༣ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།