ཟས་དུག་གི་ནད་ཡམས་ཁྱབ་པ།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༣ཉིན། ཉེ་དུས་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་ཡོད་པའི་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སློབ་གྲ་བོད་ཕྲུག་ཁྱིམ་སྡེ་རུ་ཟས་དོག་གིས་རྐྱེན་པས་སློབ་མ་༡འདས་གྲོངས་ཤོར་བ་དང་སློབ་མ་༣༠༠ལྷག་ལ་ནད་པ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་དྷ་ཤོད་བོད་ཕྲུག་ཁྱིམ་སྡེ་ལ་སློབ་ཕྲུག་༣༠༠ལྷག་ལ་ཟས་དུག་གི་འགོས་ནད་ཕོགས་ནས་སློབ་མ་༡འདས་གྲོངས་སུ་ཤོར་ཡོད་པ་དང་། ༣༠༠ལྷག་གྲོད་པ་བཤལ་བ། སྐྱུག་མེར་ལངས་པ་སོགས་ལ་བྱུང་སྟེ་ཕལ་ཆེ་བ་སྨན་ཁང་དུ་འཁྲིད་ནས་མྱུར་སྐྱོབ་གནང་ཐུབ་ཡོད་པ་དང་། མང་པོ་ཞིག་སྨན་ཁང་དུ་དྲག་བསྐྱེད་བྱུང་ནས་སློབ་གྲྭར་ཚུར་ལོག་བྱས་ཚར་ཡོད་འདུག

འོན་ཀྱང་ཟས་དུག་དེའི་འབྱུང་ཁུངས་འཚོལ་སྐབས་རྒྱ་ཐུག་རྔོས་མ་མཆོད་སྐབས་བྱུང་བ་ཞིག་ཡིན་ལུགས་གསལ་སྟོན་བྱས་ཡོད་འདུག་པ་དང་། ད་དུང་འཐུང་ཆུ་གཙང་མ་མེད་པ་སོགས་ལས་ཟས་དུག་དེ་ཁྱབ་གདལ་ཕྱིན་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག། ཟས་དུག་བྱུང་བ་ནས་སློབ་གྲྭ་ཉིན་༥རིང་སྒོ་རྒྱག་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༥༢༠༡༠༡༩༥༥
སློབ་ཕྲུག་མ་གཏོགས་རྒན་ལགས་གཅིག་ཀྱང་ན་བའི་སྐད་ཆ་མིའདུག་པས་རྒྱ་མཚན་གང་ཡིན་ནམ།



བརྗོད་གཞི་གཞན་ཁག་ལ་གཟིགས།