འོས་བསྡུར་རྟོག་ཞིབ་བྱེད་རྒྱུ་ཡིན།

བཙན་བྱོལ་བོད་མིའི་ཁྲོད་དུ་༢༠༡༡ལོའི་མི་མང་གིས་ཐད་བསྐོས་བཀའ་བློན་ཁྲི་པ་དང་དེ་བཞིན་བོད་མི་མང་སྤྱི་འཐུས་སྐབས་༡༥པའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་མཚམས་སུ་འོས་བསྡུ་དེ་ཉིད་དྲང་བདེན་དང་དེ་བཞིན་ཕྱོགས་ལྷུང་ངན་བྱུས་མེད་པ། འཇིགས་སྐུལ་དང་དངུལ་རྔན་སོགས་དང་འབྲེལ་བ་མེད་པ་ཞིག་ཡོང་ཐབས། དེ་བཞིན་འོས་ཤོག་གྲངས་བཤེར་དང་གྲངས་འབོར་གཏན་འབས་བཅས་ལ་མི་སྒེར་དང་ཚོགས་པ་རེ་ཟུང་གི་ཀུན་སློང་མེད་པ་ཞིག་ཡོང་བར་ ཉེ་དུས་སྦེལ་ཀོབ་དུ་མང་གཙོའི་དུས་དྲན་སྲུང་བརྩིའི་སྐབས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་དང་ལེན་གྱི་སྒོ་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་འདུགདེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་ལས་གྲུབ་པའི་ཚོགས་ཆུང་དེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་གནད་དོན་དེ་དག་ཡར་ཞུས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པར་༸གོང་ས་མཆོག་གིས་ཐུགས་སྨོན་ཡོད་འདུག་ལ། ཚོགས་ཆུང་དེས་མུ་མཐུད་རྒྱལ་སྤྱིའི་སྤྱོ་ཚོགས་ཁྲོིད་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་ལྷག་པར་དུ་བོད་རྒྱ་དབར་གྱི་འབྲེལ་མོལ་ཐད་ཤུགས་བསྣོན་བརྒྱབ་ནས་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་ཐོན་རྒྱུའི་རེ་བ་ཡང་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྒྱ་བོད་དབར་གྱི་འབྲེལ་མོལ་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་༢༠༡༡ལོར་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཁག་ལས་གྲུབ་པའི་ཚོགས་ཆེན་ཞིག་བསྐོང་འཚོགས་བྱེད་རྒྱུ་ཡིན་ལུགས་གསལ་བརྗོད་གནང་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༩ཚེས་༣ཉིན།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བཙན་བྱོལ་གཞུང་གི་འོས་བསྡུ་ཆེན་མོར་ཕྱི་ཕྱོགས་ཀྱི་ཡུལ་གྲུ་ཚོས་རྟོག་ཞིབ་དགོས་པ་དེ་ཡ་མཚན་ཞིག་འདུག འོན་ཀྱང་ཆོལ་ཁ་དང་ཚོགས་སྐྱིད་རེ་ཟུང་གི་འཐུས་མི་དང་རྒྱུན་ལས་འོས་བསྡུ་བྱེད་སྐབས་མི་རེ་ཟུང་གིས་སྣེ་ཁྲིད་བྱས་ཏེ་དྲང་བདེན་མ་བྱུང་བ་དེ་འདྲ་ཡོངས་གྲགས་སུ་འདུག དེ་སྔ་ལྡི་ལིར་ཡང་གནས་ཚུལ་དེ་འདྲ་ཡོད་སྐད། གང་ལྟར་ཡག་པོ་བྱང་བ་རེད། དེ་འདྲ་ཞིག་ཡོང་དགོས་པ་དེ་ཡང་བོད་མི་དེ་ཚོས་བཟོས་པ་རེད།། འོས་བསྡུ་འདིར་དོགས་པ་ཡོད་མཁན་ཚོར་དོགས་སེལ་འདྲ་པོ་ཆགས་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།