རྒྱའི་དྲིལ་བསྒྲཌ་ལོག་པར་ངོ་རྒོལ།

གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བདུན་ཕྲག་ཅེས་པའི་ཟླ་འདིའི་ཚེས་༣ནས་༥བར་ཨ་རིའི་གྲོང་ཁྱེར་ཨོག་ལན་ཌི་ཞེས་པར་འཚོགས་པའི་རྒྱ་ནག་གི་གྲོང་ཁྱེར་ཤང་ཧེ་ཡི་ཡན་ལག་འགྲེམས་སྟོན་གྱི་ཆ་ཤས་བརྒྱུད་ནས་བོད་དོན་ལོག་པར་དྲིལ་བསྒྲགས་བྱེད་བཞིན་པ་དེར་མུ་མཐུད་བོད་མི་ཕྱོགས་གང་ས་ནས་སྐྱོིན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

དེ་ཡང་ས་ཕྱོགས་གང་ས་ནས་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། ད་དུ་གཙོ་བོ་ནེའུ་ཡོག་ཏུ་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ནས་རྒྱ་ནག་གིས་བོད་ཀྱི་ཆོས་རིག་གི་ངོ་བོ་ལོག་སྟོན་དང་བེད་སྤྱོད་ལོག་པ་གཏོང་བཞིན་པ་དང་། དེ་བཞིན་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལོག་འབྲེལ་རྒྱག་པ་བཅས་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ལུགས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་སོང་།

བོད་དོན་ལས་འགུལ་དེ་ཚོས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ད་དུང་རྣམ་པ་འདྲ་མིན་གྱི་སྒོ་ནས་ལས་འགུལ་སྤེལ་ནས་རྒྱ་ནག་གིས་བོད་དང་བོད་མིའི་ཆོས་རིག་དང་ཡུལ་ལུགས་གོམས་སྲོལ་དང་བཅས་པ་མཚོན་པའི་པར་རིས་དང་དེ་བཞིན་སྒྱུ་རྩལ་དང་འབྲེལ་བའི་རི་མོ་གང་དང་གང་འགོག་སྡོམ་བྱས་དང་བྱེད་བཞིན་པ་དེ་དག་ཀྱང་ཐེར་འདོན་དང་ངོ་སྤྲོད་ཤུགས་ཆེན་བྱས་ཡོད་པ་རེད།

ལས་འགུལ་དེའི་ཁྲོད་དུ་ད་དུང་བོད་རང་དབང་རྒྱལ་ཚོགས་ཞེས་པའང་མཉམ་ཞུགས་བྱས་ཡོད་པ་མ་ཟད། རྒྱ་མིས་བོད་མི་ཚོར་ཇི་ལྟར་མནར་གཅོད་བཏང་དང་གཏོིང་བཞིན་ཡོད་མེད་སྐོར་གློག་བརྙན་བསྒྲིགས་སྦྱོར་གྱིས་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་བསྟན་དང་སྟོན་བཞིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༩ཚེས་༧ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།