ཀན་སུའུ་དུ་ཆུ་ལོག་རྒྱུཌ་འདུག

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན་ཁ་སང་ཀན་སུའུ་ཞིང་ཆེན་ཟེར་བའི་ལུང་ནན་གྲོང་ཁྱེར་དུ་དྲག་ཆར་བབས་ཏེ་མི་༣༦རྐྱེན་ལམ་དང༌། མི་བརྒྱ་ཕྲག་དུ་མར་རྨས་སྐྱོན། གཞན་ཡུལ་དེའི་ལོ་ཏོག་དང་ཁང་ཁྱིམ་སོགས་ས་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

དེ་ཡང་ཁ་སང་གི་དུས་ཚོད་བཞིའི་བར་དུ་ཀན་སུའུ་ཞིང་ཆེན་ཟེར་བའི་ལུང་ནན་གྲོང་ཁྱེར་དུ་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་བ་ལས་མི་༣༦རྐྱེན་ལམ་དུ་ཤོར་བ་དང༌། མི་༢༣་གར་སོང་མི་ཤེས། མི་༢༩༥ལ་རྨས་ཕོག  ལོ་ཏོག་སྤྱི་ཆིངས་ཁྲི་༣་ལ་གནོད་འཚེ་ཐེབས། ཁང་པ་གྱན་སྟོང་༦༩༠་བརྡིབས་པ་དང་ཁང་པ་ཁྲི་༡༥༢༢༣་ལ་གཏོར་བཤིག་ཐེབས། གཞན་ད་དུང་གཞུང་ལམ་དང་གློག་ཤུགས་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༧ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༨༢༠༡༠༡༤༥༦
ཆུ་ལོག་དང་ས་རུད་ལོ་རེ་ནས་ཟླ་རེར་ཇེ་མང་རེད། ཚན་རིག་གི་ཤེས་བྱ་མང་དུ་སོང་བ་དང་ཆབ་ཅིག་མིའི་བསམ་བློའི་ནང་བྱམས་བརྩེ་་ཉུང་བའི་དབང་གིས་འདོད་དབང་ཁོ་ནས་རང་གི་ཤེས་བྱ་དེ་དག་བེད་སྤྱོད་ལོག་པར་བཏང་ཏེ་དེང་གི་དུས་སུ་དུག་རླུངས་མང་དུ་སོང་ཞིང་དེའི་དབང་གིས་ཕྱིའི་འབྱུང་བཞི་ལ་འགྱུར་བ་ཤུགས་ཆེན་བྱུང་སྟེ་ཆུ་ལོག་དང་ས་རུད་འདི་དག་ཡོང་གི་ཡོད་པས་ང་ཚོ་ཚང་མས་རང་གིང་རང་ལ་གཅེས་ན་རང་ཉིད་ནས་འགོ་བཟུང་སྟེ་ཁོར་ཡུག་ལ་བདག་སྐྱོང་བྱ་དགོས་ལ་མ་འོང་བ་དེ་བས་བསམ་བློ་གཏོང་དགོས་ངེས་རེད་དོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།