མདོ་སྟོད་ལ་འོས་མི་ད་དུང་དགོས།

བོད་དེ་བོད་མིའི་ཡིན་པས་བོད་འབངས་ཀུན་ལ་དམིགས་གསལ་གྱི་འབྲེལ་བ་ཡོད་པ་མཁྱེན་དགོས། རང་ལ་ལས་འགུལ་གསར་པ་དང་བསམ་བློ་གསར་པ་མེད་བཞིན་དུ་གཞན་གྱི་བསམ་ཚུལ་ལ་བཀོད་བྱུས་བྱས་པ་ནི་རྗེས་ལུས་ཀྱི་བསལ་བློ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་མཆིས། བོད་མི་སུ་ཞིག་གིས་ལས་འགུལ་གསར་པ་ཞིག་སྤེལ་ཚེ། དེའི་བྱེད་ལས་རྒྱུ་མཚན་ཕན་གནོད་སོགས་ཕྱོགས་ཐམས་ཅད་ནས་མཁྱེན་རྟོགས་གནང་སྟེ་རྒྱུ་མཚན་ཡོད་པའི་སྐད་ཆ་ཤོད་དགོས། དེ་ཁ་ཕྱོགས་གང་ཞིག་ཏུ་སླེབས་མིན་ཚོད་དཔག་བྱེད་མི་ཐུབ་པའི་རྒྱུ་མཚན་ལ་གཉིས་ཡོད། གཅིག་ནི་དགོས་པ་གང་གི་ཆེད་དུ་བྱེད་ཀྱི་ཡོད་མེད་མི་ཤེས་པའི་རྐྱོན་རེད། གཉིས་དེ་རང་གི་ཕྱོགས་མ་གཏོགས་གཞན་གྱི་བསམ་ཚུལ་དང་ལེགས་བྱང་སོགས་ལ་རྗེས་སུ་ཡིད་རང་མི་ཞུས་པའི་རྐྱོན་རེད། གཞན་གྱི་བྱ་བ་ལ་རྗེས་སུ་ཡིད་རང་མེད་ཀྱང་གཞན་གྱི་བསམ་ཚུལ་ངེས་པར་དུ་ཤེས་དགོས། མདོ་སྟོད་མི་མང་གིས་ལས་འགུལ་ཡིན་པས་མི་མང་ནས་མ་བྱས་ན་ཡང་རྐྱོན་གཅིག་ཡོད་པས་དེ་ལ་དོ་སྣང་དགོས། ད་ལྟ་སྐད་ཆ་ཚིག་ཐག་ཆོད་པོ་ཇི་ཙམ་བཤད་པ་དེ་ཚོད་ཀྱི་མུ་མཐུད་ནས་ལས་འགུལ་ནང་བཞུགས་དགོས། དགོངས་འཆར་གང་མང་ཡོད་པ་ཞུ། ངོ་མ་གལ་ཆེན་རེད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "མདོ་སྟོད་དང་བླངས་འོས་གཞི་བསྡུ་རུབ་ཚོགས་པའི་འོས་མི།"



བརྗོད་གཞི་གཞན་ཁག་ལ་གཟིགས།