ཀོ་རིའི་བུ་མོས་འཁྲབ་སྟོན།

དྷ་རམ་ས་ལར་ཡོད་པའི་༼རེ་བའི་ལྟེ་གནས་༽ཀྱིས་གོ་སྒྲིག་འོག་སང་ཉིན་ཕྱི་དྲོ་ཆུ་ཚོད་༦༌༣༠ཐོག་དྷ་ས་ཉིན་སློབ་ཚོགས་ཁང་དུ་ཀོ་རིའི་མཛེས་མ་ཁག་ཅིག་གིས་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱ་རྒྱུ་རེད་འདུག

དེ་རིང་མེ་གྷན་རླངས་འཁོར་བབས་ཚུགས་སུ་ཀོ་རིའི་བུ་མོ་ཁག་ཅིག་གིས་བོད་ཆས་གཟབ་འཆོར་སྤྲས་ནས། འཛིན་བྱང་ཚོང་བཞིན་འདུག་ལ། འཛིན་བྱང་དེ་ག་རེའི་ཆེད་དུ་ཡིན་མིན་སྐད་ཆ་དྲིས་པར། ཁོང་ཚོའི་ཉེ་འཁྲིས་སུ་ཡོད་པའི་༼རེ་བའི་ལྟེ་གནས་༽ཀྱི་འགན་འཛིན་ཀུན་བཟང་ལགས་ཀྱིས། ང་ཚོས་ཚོང་བཞིན་པའི་འཛིན་བྱང་འདི་ནི། སང་ཉིན་ཆུ་ཚོད་༦༌༣༠ཐོག་མེ་གྷན་ཉིན་སློབ་ཚོགས་ཁང་ནས། གཞས་སྣ་དང་རྩེད་རིགས་འདྲ་མིན་གྱི་འཁྲབ་སྟོན་ཞིག་གོ་སྒྲིག་བྱས་ཡོད་ཅེས་དང༌།

འཁྲབ་སྟོན་དེའི་ཐོག་ཀོ་རི་ཡའི་བུ་མོ་ཁག་ཅིག་གིས་དང་བླངས་ཐོག་ཀོ་རིའི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱ་རྒྱུ་དང་། དེ་བཞིན་བྱིས་པ་ཆུང་ཆུང་ཚོས་བོད་པའི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱ་རྒྱུ་རེད། མ་ཚད་བོད་མི་སོགས་སུ་ཞིག་གིས་སྐབས་དེར་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱ་འདོད་ཡོད་ཚེ། དེ་དག་ལའང་གོ་སྐབས་འབུལ་འཆར་ཡོད་ཅེས་གསུངས་བྱུང༌།

ཡང་ཀུན་བཟང་ལགས་ཀྱིས་འཁྲབ་སྟོན་འདི་ནི་ཀོ་རི་ཡ་དང་བོད་པའི་དབར་རིག་གཞུང་བརྗེ་ལེན་དང༌། གཉིས་ནི་ང་ཚོས་ཚོང་བཞིན་པའི་འཛིན་བྱང་འདིའི་བརྒྱུད་བོད་ཕྲུག་ཁྱིམ་སྡེ་དང་ད་ལྟ་ང་ཚོས་གཉེར་བཞིན་པའི་བོད་ཀྱི་༼རེ་བ་ལྟེ་གནས།༌༌༌༌༌༌རེ་བའི་ལྟེ་གནས་ནི་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་དང་བླངས་ཐོག་གཉེར་བཞིན་པའི་སྐད་ཡིག་འཛིན་གྲྭ་ཞིག་རེད།༽གཉིས་ཀར་ཞལ་འདེབས་ཅུང་ཙམ་ཡོང་ཆེད་ཡིན་ཞེས་གསུངས་བྱུང༌། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༣ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༡༢༠༡༠༡༦༡༠
འདི་ནི་ངོ་མ་ཡག་པོ་འདུག གཅིག་ནས་ཕན་ཚུན་གྱི་རིགས་གཞུང་ལ་ཞིབ་འཇུག་དང་རྒྱུས་ཡོད་བྱེད་ཐུབ་ལ་རང་རང་གི་རིགས་གཞུང་ཡང་ཡར་རྒྱས་སུ་འགྲོ་བར་སྐུལ་མ་བྱེད་ཐུབ་པའི་ཡིད་ཆེས་ཡོད།
2 ༢༧༢༠༡༠༡༡༢༩
ཡག་པོ་རེད་ང་མོས་མཐུན་ཡོད།
འདི་ལྟ་བུའི་གང་གི་ཆ་ནས་རིག་གཞུང་བརྗེ་ལེན་བྱེད་རྒྱུ་ནི་དུས་ཀྱི་དགོས་མཁོ་དང་འཚམས་པའི་བྱ་བ་ཞིག་གཉེར་བ་རེད་ཞུ་་རྒྱུ་དང་བསྔགས་བརྗོད་ཀྱི་མེ་ཏོག་མཐོ་ས་ནས་འདེགས་ཀྱི་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།