ཚེ་སྲོག་གིས་ཀྱང་རྒོལ་བར་བྱེད།

ད་ང་ཚོ་ནང་པ་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་ངོ་རྒོལ་བྱ་རན་རེད། མཐོང་ཆུང་མིན་ན། བཟོ་གྲྭ་དེར་སྐད་ཆ་རེ་དྲིས་དང་། ཡེ་ཤུའི་སྟོན་པ་དང་ཁ་ཆེའི་སྟོན་པ། ཡང་ན་འཛམ་གླིང་གི་མི་སྐད་གྲགས་ཅན་དང་། དཔེར་ན་རྒྱ་གར་གྱི་མ་ཧཱ་གན་དྷེ་ལྟ་བུ་སོགས་ཀྱི་པར་ལྷམ་ངོས་སུ་བཀོད་མི་འདུག་གཱ། ད་ནམ་ཞིག་འདི་ཚོས་༸གོང་ས་མཆོག་གི་པར་རིས་ཀྱང་ལྷམ་ངོས་སུ་བཀོད་དེ་ཚོར་སྒྱུར་བྱ་སྲིད་པ་ཞིག་རེད། དེ་དུས་ཀྱང་མཐོང་ཆུང་མ་ཡིན་པ་དང་། མགོ་རྐང་ལག་སོགས་ལ་ཁྱད་པར་མེད་སྐོར་གྱིས་བཟོད་སྒོམ་བྱེད་ཐུབ་བམ། ཡང་ན་བྱེད་དགོས་པའམ་ཡང་ན་ཚོར་བ་མེད་པར་ད་དུང་ལྷམ་དེ་ཉོས་ནས་གྱོན་རྒྱུ་ཡིན་ནམ། ན་ཉིན་བོད་ཀྱི་རྒྱལ་དར་ཅན་གྱི་ལྷམ་ཞིག་བཟོས་པ་བོད་མི་ཚོས་རྣམ་རྟོག་མི་བྱེད་པར་གྱོན་རྒྱུ་སྐོར་བཤད་མཁན་ཧ་ཅང་མང་པོ་བྱུང་པས་ད་ལྟ་ཡང་བསྐྱར་འདི་འདྲ་བའི་ལྷམ་སྣ་ཚོགས་བཟོས་པ་ལོས་ཡིན། དངོས་གནས་མཐོང་ཆུང་རང་རེད་ཡ། བོད་མི་རིགས་གཙོས་འཛམ་གླིང་ཤར་ནུབ་གང་ན་ཡོད་པའི་ནང་པ་ཡོངས་ཀྱི་བློ་གཏོད་ས་དང་སྐྱབས་རེ་སའི་སྟོན་པ་ཐུགས་རྗེ་ཅན་དང་རྗེ་བཙུན་འཇམ་པའི་དབྱངས། མ་ཎི་ཡིག་དྲུག་སོགས་སེམས་ཀྱིས་དད་ཅིང་ཡིད་ཀྱིས་སྒོམ་པ། ཁ་ནས་འདོན་བཞིན་པ་དག་འདི་ལྟར་མི་ལུས་ཀྱི་ཆེས་དམའ་ས་སྟེ། རྐང་བའི་མགོར་གྱོན་རྒྱུའི་ལྷམ་ངོས་སུ་བཞག་ཀྱང་། ད་དུང་ཡང་ཁྱད་པར་མེད་ཅེས་འདུག་རྒྱུ་ཡིན་ནམ། ལུས་ཀྱི་ཡན་ལག་དག་ལ་མཐོ་དམན་དང་གཙོ་ཕལ་སོགས་ཅི་ཡང་མེད་ན། མགོ་སྔ་སྟེང་འོག་སོགས་ཀྱང་མེད་པར་འགྱུར་ལ། དེ་ལྟར་ན་གུས་ཞབས་སོགས་འཇིག་རྟེན་ཀྱི་ལམ་དང་ལུགས་སྲོལ་བཟང་བོ་དེའང་ཉམས་ཤིང་མི་སྣང་བར་འགྱུར་བ་སོགས་བརྗོད་ཀྱིས་མི་ལངས་སོ།། བོད་མི་རིགས་ཀྱི་རིག་གཞུང་གི་ཉིང་ཁུ་ནང་བསྟན་རིག་གནས་དང་དེའི་མཚོན་དོན་རི་མོ་སྟོན་པ་ཐུགས་རྗེ་ཅན་གཙོས་རི་མོ་འདི་དག་ནི་མགོ་བས་ཕྱག་འཚལ་ས་ཡིན་ན་ལས། ངའི་མི་ཚེའི་ནང་དུ་རྐང་བར་གྱོན་པ་ནི་ཚེ་སྲོག་གིས་ཀྱང་རྒོལ་བར་བྱེད་སྙམས་སོ།། ངས་ནི་འདི་མཏོང་བ་ཙམ་གྱིས་སྙིང་ན་ཞིང་མགོ་ཡོམ་འདྲ་ཞིག་འཁོར་བསྡད་ཀིན་འདུག
Article, commented by this comment, could not be loaded (ArticleID=2676; CommentID=2681)



བརྗོད་གཞི་གཞན་ཁག་ལ་གཟིགས།