འཛུམ་ཟེར་ལགས། བཀྲིན་ཆེ།

སྐུ་ཉིད་ནས་དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ། ད་བར་གསར་ཁང་འདིར་བོད་ཕྱི་ནང་གཉིས་ནས་དགའ་བསུའི་འཚམས་འཕྲིན་བརྒྱ་ཕྲག་མང་པོ་འབྱོར་གྱི་འདུག་ལ། དེ་དང་ཕྱོགས་མཚུངས་སྐུ་ཉིད་འདྲ་བའི་རིགས་གཅིག་གིས་དྲ་ངོས་གཟིགས་ཐུབ་མིན་སྐོར་ལའང་དགོངས་ཚུལ་གང་མང་ཞིག་ཕེབས་སོང༌། འོན་ཀྱང་ཕྱོགས་གཞན་ནས་བོད་ཕྱི་ནང་གཉིས་ནས་རྩོམ་པ་པོ་དང་ཟིན་བྲིས་པ་ཧ་ཅང་མང་པོས་རྩོམ་ཡིག་དང་ཟིན་བྲིས་སྟོང་ཚོ་མང་པོ་སྤེལ་དང་སྤེལ་བཞིན་ཡོད་པ་གཉིས་ཀར་གཟིགས་ན་དྲ་ངོས་འདི་དགེ་མཚན་ཆུང་ཆུང་ཞིག་གཏན་ནས་མིན། གང་ལྟར་ས་ཆ་འགར་དྲ་ངོས་འདི་གཟིགས་ཐུབ་མ་ཐུབ་ཀྱི་གནས་ཚུལ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་དག་གི་དཀའ་ངལ་སེལ་ཐབས་གང་ཐུབ་ཞུ་རྒྱུ་ང་ཚོའི་ལས་འགན་ཞིག་ཡིན་པ་རྒྱུན་དུ་ནས་སེམས་ལ་བཞག་ཡོད། དང་པོ་དེ་སྐུ་ཉིད་ཀྱི་གློག་ཀླད་དུ་བླུགས་པའི་བོད་ཡིག་དེ་ཧི་མ་ལ་ཡའི་ཡིག་གཟུགས་རེད་དམ། ཡང་ན་སྨོན་ལམ་ཡིག་གཟུགས་རེད། དེར་གཟིགས་དགོས། ད་ལྟ་དྲ་ངོས་འདི་གསལ་ཞིང་རྒྱས་པ་གཟིགས་དགོས་གནང་ཚེ་ཧི་མ་ལ་ཡའི་ཡིག་གཟུགས་དེ་ཉིད་སྐུ་ཉིད་ཀྱི་གློག་ཀླད་དུ་བླུགས་རོགས་ཞུ་རྒྱུ་ཡིན། འོན་ཀྱང་འདི་ག་གསར་ཁང་གི་ངོས་ནས་རྒྱལ་སྤྱིའི་གཅིག་བསྒྲིགས་ཀྱི་ཨང་བསྒྲིགས་ཡིག་གཟུགས་ཡོད་པའི་བོད་ཡིག་གི་ཡིག་གཟུགས་ཡོངས་རྫོགས་གསལ་འཆར་ཐུབ་པའི་དྲ་ངོས་ཤིག་གང་མགྱོགས་ཁྱེད་རྣམ་པའི་སྤྱན་ལམ་དུ་ཞུ་ཐབས་ཞུ་བཞིན་ཡོད་ཀྱང༌། དེ་ལྟར་ཡོང་བར་ད་དུང་དུས་ཚོད་གང་འཚམས་འགོར་རྒྱུར་དགོངས་འགལ་མེད་པ་ཞུ་བཞིན་ཡོད་ལགས་ན་དེ་དོན་དགོངས་འཇགས་གནང་རོགས།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཀྱི་སྐད་ཡིག་ལ་བརྩེ་བའི་ཤམ་བྷ་ལའི་ཕོ་ཉ།"



བརྗོད་གཞི་གཞན་ཁག་ལ་གཟིགས།