གྲངས་ཚད་ཁ་གསལ་མེད་པ།

བདུན་ཚིག་གཉིས་ཟིན་འགྲོ་ཡིན་འདུག་ད་དུང་ཡང་ས་འགུལ་གྱི་ཁྲོད་མི་ག་ཚོད་རྐྱེན་འདས་སུ་སོང་ཡོད་མེད་ཁ་གསལ་མེད་པ་རྒྱ་མིའི་བཤད་ན་མི་སྟོང་ཕྲག་གཉིས་ལྷག་རྐྱེན་འདས་སུ་སོང་བ་བཤད། ས་གནས་ཀྱི་ཡུལ་མའི་བཤད་པ་ལྟར་ན་ཁྲི་ཚོ་གཅིག་ཡན་བཤད། དེང་སྐབས་དགོན་པ་ཁག་གི་རོགས་རམ་བྱེད་མཁན་ཚོའི་ས་གནས་དངོས་སུ་བསྐྱོད་ནས་རྫོང་ཁག་རེ་རེ་ནས་མི་ག་ཚོད་ཤི་བ་དང་ག་ཚོད་རྨས་མ་ཡོད་པ་སོགས་ཞིབ་བརྩིས་བྱེད་ནས་རོགས་རམ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་ས་གནས་དངོས་ལ་བསྐྱོད་མཁན་ཚོའི་དངོས་གནས་དྲང་ལྡན་གྱི་ག་ཚད་རྐྱེན་འདས་དུ་ཕྱིན་ཡོད་པ་ཞིབ་རྩིས་བྱེད་ནས་ཕྱི་ཕྱོགས་སུ་བཏང་ཐུབ་ཐཔར་བྱེད་རོགས་ཞུ། མ་ཚད་བཞི་བཅུ་བཞིའི་ཚོགས་པ་ཟེར་བ་ཁྱེད་རང་ཚོས་ངེས་པར་དུ་ས་མགུལ་ཁྲོད་ག་ཚོད་འཆི་རྐྱེན་དུ་སོང་ཡོད་པ་དང་ག་ཚོད་རྨས་ཡོད་པ་མི་ག་ཚོད་ལ་དཀའ་ངལ་འཕྲད་ཡོད་པ་སོགས་གནས་ཚུར་ཁ་གསལ་རག་ཐབས་བྱེད་དགོས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ནང་ས་ཡོམ་གོད་ཆཌ་སླད་འབྲེལ་གཏུཌ།"



བརྗོད་གཞི་གཞན་ཁག་ལ་གཟིགས།