མི་ཐོག་བཞི་གི་བྱས་ཉེས།

དང་ཐོག་དབུས་གཙང་ནང་འཁྲུགས་བྱུང་སྐབས་ཕ་ལྷའི་རྒྱ་མི་ལ་སྐྱབས་བཅོལ་ཞུས་པའི་བྱས་ཉེས་དང་གཅིག སེ་ར་དང་བོད་གཞུང་གི་འགལ་བ་བྱུང་སྐབས་སྟག་གྲགས་དང་རྭ་སྒྲེང་གཉིས་ནང་མ་མཐུན་ནས་རྭ་སྒྲེང་གི་རྒྱ་མི་ལ་སྐྱབས་བཅོལ་ཞུས་པའི་བྱས་ཉེས་དང་གཉིས། གོང་ཁྲན་ཏང་དང་བོད་གཞུང་གྲོས་མོལ་སྐབས་ང་ཕོད་གི་ཆིགཡིག་དོན་ཚན་བཅུ་བདུན་ཁས་ལེན་བྱས་པའི་བྱས་ཉེས་དང་གསུམ། དུས་རབ་ཉེར་གཅིག་པའི་ནང་བོད་རྒྱ་གྲོས་མོལ་སྐབས་ཟམ་གདོང་བླ་མས་བོད་ནས་ཀྲུང་ཧ་མི་དམངས་སྤྲི་མཐུན་རྒྱལ་ཁབ་གི་རྩ་འཁྲིམས་ནང་གི་མིག་རིགས་ས་གནས་རང་སྐྱོངས་ཟེར་བའི་བྱས་ཉེས་དང་བཞི། བྱས་ཉེས་དེ་དག་ལ་བརྟེན་ནས་བོད་དེ་རྒྱ་ནག་གི་བཤད་པ་བཞིན་རྒྱ་ཁུངས་སུ་བཅུག་ཚར་སོང་། ད་ཡིན་ན་ཁྱོད་རང་རྒྱ་གོང་ཁྲན་གི་བྲན་གཡོག་བྱེད་འདོད་ཡོད་དང་མེད་ཀྱི་ལམ་ཁ་མ་གཏོགས་གཞན་པ་ཡོད་མ་རེད། བྱེད་འདོད་ཡོད་ན་མར་ག་དུས་སོང་ན་མགྲིག་གི་རེད་རྒྱ་མི་གི་ཡང་ངོས་ལེན་ཡོད་རེད།བྱེད་འདོད་མེད་ན་ད་དུང་མུ་མཐུད་དེ་སྐྱབས་བཅོལ་ལ་གནས་དགོས་སྟབས་ང་ཚོས་རྩོད་དགོས་པ་དེ་རང་བཙན་དེ་རེད་། མ་འོངས་པར་རྒྱ་ནག་གི་་སྤྱི་ཚོགས་ལ་འཕོ་འགྱུར་ཡོངས་སྲིད་པ་རེད་སྐབས་དེར་ང་ཚོ་ལ་ཡང་ལམ་ཁ་ཞིག་ཡོད་མི་སྲིད་པ་མ་རེད་། ད་སྐབས་ནས་རེ་བ་གང་ཡང་བྱེད་ས་མེད་པ་ཆག་སོང་། བོད་པ་ཚོ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རང་ཉིད་བྱ་སྒོང་མ་ཡིན་པ་ཞིག་ཏུ་བསྒྱུར་ཨེ་ཐུབ་བལྟ་དགོས།"



བརྗོད་གཞི་གཞན་ཁག་ལ་གཟིགས།