ཁམས་ཡེ་ཤུལ་གྱི་ས་ཡོམ།

སྤྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ནང་མོ་ཆུ་ཚོད་བདུན་དང་སྐར་ཞེ་དགུའི་སྟེང་ཁམས་ཡེ་ཤུལ་དུ་ས་འགུལ་ཨང་རིམ་བདུན་དང་སྐར་གཅིག་བྱུང་ཞིང་། རྒྱ་གཞུང་གིས་སྤྱི་བསྒྲགས་བྱས་པ་ལྟར་ན་མི་༧༠༠ལྷག་དང་བརྒྱད་སྟོང་ལྷག་ཙམ་རྨས་སྐྱོན་བྱས་འདུག་ལ། མང་ཆེ་བ་བོད་མི་རེད་འདུག གཞན་ཡང་བོད་ཁམས་ཕྱོགས་ཀྱི་དགོན་ཆེན་སྡེ་དགེ་རྫོགས་ཆེན་དགོན་དང་། གསེར་རྟ་བླ་རུང་སྒར། སེར་ཤུལ་དགོན། རྫ་སྟོད་ལྕང་མ་སྒར་སོགས་ཀྱི་བླ་གྲྭ་རྒྱ་ཕྲག་མང་པོ་ས་ཆ་དེར་སླེབས་ནས་ས་དེ་གའི་མི་མང་རྣམས་ལ་རོགས་སྐྱོར་བྱེད་བཞིན་འདུག
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཛ་དྲག་གི་གནས་ཚུལ་དང་ཆོས་རིག་ལས་ཁུངས་ཀྱིས་བསྔོ་སྨོན།"



བརྗོད་གཞི་གཞན་ཁག་ལ་གཟིགས།