ངས་གཞས་ཚིག་ཅིག་དྲན་བྱུང་།

ཉེ་སྔོན་ཞིག་ལ། དཔེ་མཛོད་ཁང་ནས་དམངས་གཞས་ཀྱི་དེབ་མཐུག་པོ་ཞིག་གཡར་ཏེ་བཀླགས་པ་ལས་རེ་གཉིས་ད་དུང་ཡིད་ན་འདུག སེམས་པ་སྐྱོ་རྒྱུ་སྐྱོ་བྱུང་། ། མ་སྐྱོ་མདོག་མདོག་བྱས་ཡོད། ། ཨ་མ་དྲན་རྒྱུ་དྲན་བྱུང་། ། མ་དྲན་མདོག་མདོག་བྱས་ཡོད། ། ཞེས་དང་། རོང་གི་གླང་འཕྲང་ལ། ། མཐོང་རྒྱུ་གནམ་ལས་མི་འདུག གནམ་ལ་འཁོར་བའི་སྤྲིན་པ། ། ཕ་མ་ཡིན་བསམས་བྱས་བྱུང་། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ས་མཐའ་དང་ཨ་མ།"



བརྗོད་གཞི་གཞན་ཁག་ལ་གཟིགས།