མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་མི་གཤིས་ལ་གླེང་བ།

དཔལ་མིའི་དབང་བོའི་རྟོགས་པ་བརྗོད་པ་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ལས། མདོ་མཁར་བའི་མི་གཤིས་ལ་གདེང་འཇོག་བྱེད་ཐུབ། ཁོང་གིས་མི་དབང་རྟོགས་བརྗོད་བརྩམས་པའི་དགོས་པ་ནི་རང་ཉིད་ཀྱི་གོ་གནས་ཕར་བའི་ཆེད་དུ་ཡིན། གོ་གནས་ཀྱི་ཆེད་དུ་ཐ་ན་རང་ཉིད་ཀྱི་མི་གཤིས་ཀྱི་ཞན་ཆ་ཡོངས་རྫོགས་ཕྱིར་རུ་བཏོན་ཡོད། ཁོང་གིས་ཐོག་མར་ང་ལུམ་སྦྱར་གསུམ་ལ་མགོ་བཏེགས་མོད། འོན་ཀྱང་གུང་བློན་གསུམ་གྱི་སྲིད་འཛིན་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག རང་ཉིད་ཀྱི་མགོ་འདོགས་ས་དེར་འགྱུརལྡོག་བྱུང་དུ་བཅུག་ལས་ཁོང་ཉིད་ལ་གོ་གནས་ལ་ཧ་ཅང་དགའ་བ་མཚོན་ཐུབ། མི་གཤིས་ཀྱང་ཐལ་ཤལ་བའི་གྲས་སུ་གཏོགས།རྒྱུ་མཚན་ནི་སྔོན་གྱི་དགྲ་ཕྱོགས་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་མདུན་དུ་དགུང་མོ་ཕོ་ཉ་མངགས་པ་དང་། ཕྱི་ཉིན་ཕྱག་འཚལ་བ་ལས་རྟོགས་ཐུབ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཀྱི་རྒྱལ་ས་ལྷ་སའི་སྡེ་དཔོན་བཞི།"



བརྗོད་གཞི་གཞན་ཁག་ལ་གཟིགས།