ས་མིང་སྐོར།

འདིར་བཀོད་པའི་ས་མིང་ཁག་ཅིག་རྒྱ་མིང་ཐད་བསྒྱུར་བྱས་པ་ལས་བོད་ཀྱི་ས་མིང་དངོས་གནས་པ་བཀོད་མི་འདུག ཡང་ས་མིང་ཁག་ཅིག་ཡུལ་ལུང་ཆུང་ཆུང་ཞིག་གི་མིང་རྫོང་མིང་ལ་བཏགས་འདུག་པ་ལས་རྫོང་མིང་ངོ་མ་བོད་སྤྱི་ལ་ཁྱབ་ཡོད་པའམ་དེབ་ཐེར་ཁག་ཏུ་གསལ་རྣམས་བཀོད་མི་འདུག རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱས་པའི་སྒྲོམ་གཞི་ལྟར་བཀོད་ཡོད་ཀྱང་ས་མིང་དག་བོད་ཀྱི་མིང་སྔ་མ་བཞིན་བཀོད་ན་ལེགས་པར་སྙམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཁམས་ཡོངས་ཀྱི་ས་མིང།"བརྗོད་གཞི་གཞན་ཁག་ལ་གཟིགས།