དྲ་རྒྱའི་དམ་དྲག་

བོད་ནང་ཁ་པར་དང་རྩིས་འཕྲུལ་སོགས་དྲ་རྒྱའི་རིགས་ལ་དམ་དྲག་ཆེན་པོ་ཡོད་མེས་གསལ་པོ་ཤེས་མ་སོང་ གོ་ཐོས་ལྟར་དམ་དྲག་ཆེན་པོ་ཡོད་ས་རེད་ རྒྱ་ནག་ཏུ་ཏོག་ཙམ་དམ་དྲག་ཆུང་བ་ཡོད་ས་རེད་ ཡང་ནས་ཡང་དུ་བོད་དོན་སྐོར་ལྟ་བཞིན་ཡོད་ ཡིན་ནས་སྤུན་མཆེད་སོགས་ཀྱི་ལྷ་ས་སོགས་ལ་དྲ་རྒྱ་སོགས་ལ་དམ་དྲག་ཆེན་པོ་ཡོད་ཟེར་ སྐབས་རེ་རང་ཉིད་ཀྱི་དྲ་རྒྱ་སྟེང་རང་དབང་དང་བོད་དོན་ དེ་བཞིན་ལ་རྒྱའི་བོད་གླུ་སོགས་བསྐུར་སོང་ན་རྒྱ་ནག་དམག་མིས་ལམ་སེང་འཚོལ་བར་ཡོང་གི་རེད་ཐོས་བྱུང་ ད་ཆ་ཁ་པར་དང་རྩིས་འཕྲུལ་སྟེང་དུ་བོད་ཡིག་དང་གྲ་པའི་པར་རེ་སོགས་བསྐུར་བ་ཡིན་ཚེ་ཧ་ཅང་གི་སེམས་འཕྲལ་ཆེན་པོ་འདུག་ སྨྲ་བརྗོད་དང་གནས་ལུགས་བདེན་པ་ཤོད་ས་མེད་པའི་རང་ཡུལ་དུ་ང་ཚོ་བོད་མི་ད་དུང་འཇིགས་སྐྲགས་དང་ཡིད་ཆེས་མེད་པ་སོགས་གནས་རྒྱུ་མ་གཏོགས་ད་དུང་གང་བྱེད་ དེ་དག་བསམ་ན་སེམས་ནང་ན་གཟུགས་ཆེན་པོ་ཕོག་གི་འདུག་ ད་དངོས་ནས་མགྱོགས་ནས་མྱུར་དེ་དག་འཇིགས་སྣང་སོགས་བགྲོད་པའི་སྨོན་ལམ་འདེབས་རྒྱུ་ལས་གཞན་ཅི། བོད་དོན་བདེན་མཐའ་མྱུར་བསེལ་གྱི་སྨོན་ལམ་དང་ཁྱེད་བཙན་བྱོལ་བ་ལ་རྒྱ་ཅན་གྱི་བོད་མི་རྣམས་ལ་བཅོལ་ཡོད་པ་མ་གཏོགས་ དོད་ནང་གི་མི་ལ་བོད་དོན་བདེན་མཐའ་་བསེལ་བའི་རེ་བཆེན་པོ་ཆེན་པོ་མེད་


བརྗོད་གཞི་གཞན་ཁག་ལ་གཟིགས།