ཟླ་དགུ་པའི་ཉེར་བདུན་ཉིན། བོད་ཀྱི་དགུ་གསུམ་དབུ་བསྙེས་ནས་དུས་དྲན་སྲུང་བརྩི་དང་མར་མེ་ཁྲོམ་སྐོར་ཞིག་བཞུཌ་སྒེར་ཐེག་ཆེན་ཆོས་གླིང་གཙུཌ་ཁང་གི་མདུན་ཐང་དུ་འཚོཌ་སོང་ལ་སྐབས་དེ་དང་བསྟུན་ནས་དགུ་གསུམ་གྱིས་འབར་མའི་གློག་བརྙན་ཞིག་གོ་སྒྲིག་བྱས་ནས་མི་མང་ལ་གཟིགས་འབུལ་ཞུས་སོང་

ཟླ་དགུ་པའི་ཉེར་བདུན་ཉིན། བོད་ཀྱི་དགུ་གསུམ་དབུ་བསྙེས་ནས་དུས་དྲན་སྲུང་བརྩི་དང་མར་མེ་ཁྲོམ་སྐོར་ཞིག་བཞུཌ་སྒེར་ཐེག་ཆེན་ཆོས་གླིང་གཙུཌ་ཁང་གི་མདུན་ཐང་དུ་འཚོཌ་སོང་ལ་སྐབས་དེ་དང་བསྟུན་ནས་དགུ་གསུམ་གྱིས་འབར་མའི་གློག་བརྙན་ཞིག་གོ་སྒྲིག་བྱས་ནས་མི་མང་ལ་གཟིགས་འབུལ་ཞུས་སོང་། དགུང་གྲངས་༦༤ལ་སོན་པའི་འབར་མའི་མང་གཙོའི་དབུ་ཁྲིད་དང་ནོ་བྷེལ་ཞི་བདེ་གཟེངས་ རྟགས་བཞེས་མྱོང་མཁན་ ཨན་སན་སུའུ་སྐྱི་དང་དེ་བཞིན་འབར་མའི་མི་སེར་ཁྲི་འབུམ་མང་པོའི་རང་གི་རྒྱལ་ཁབ་དང་མི་རིགས་བདེ་སྐྱིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གི་བྱས་རྗེས་མཐོང་དུས་རང་སེམས་ལ་སྤོབས་པ་དང་ཚོར་བ་རྣོ་པོ་ཞིག་བྱུང་ལ། གཞིས་ལུས་སྤུན་ཟླའི་བྱས་རྗེས་དྲན་གསོ་དཔག་མེད་ཞིག་བྱུང་། ཡང་འབར་མའི་དྲག་པོའི་སྲིད་གཞུང་གི་ཡ་ང་མེད་པའི་བྱས་སྟངས་མཐོང་དུས་ཡང་རང་ཉིད་ལ་ངན་ཚོར་གྱི་མིག་ཆུ་ཤོར་དགོས་བྱུང་སོང་། ལི་ལྗོངས་གངས་ཕྲུག


བརྗོད་གཞི་གཞན་ཁག་ལ་གཟིགས།