དྲ་རྒྱའི་སྟེང་མཛེས་མའི་སྐོར་བྲིས་པར་སྐྱོན་བརྗོད།

སྤྱིར་རང་རང་སོ་སོའི་བསམ་ཚུལ་བརྗོད་པའི་རང་དབང་ཡོད་ཀྱང་། རང་དབང་ཡོད་བསམས་ན་ག་ས་ག་ལ་བྲིས་ན་ནོར་འཁྲུལ་ཡིན་པ་ཤེས་དགོས། དགེ་ལྡན་པའི་དྲ་རྒྱ་ནི་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་དག་ཐེར་མཛད་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དང་འབྲེལ་ནས་འབྲི་སའི་དྲ་རྒྱ་ཞིག་ཡིན་པ་ཤེས་དགོས། ད་དུང་མཛེས་མའི་སྐོར་འབྲི་མཁན་དེ་རབ་བྱུང་ཞིག་ཡིན་ན་དེ་བས་ཀྱང་ནོར་བ་རེད། དེས་ན་བརྗོད་གཞི་གང་ཞིག་གི་ཐོག་འབྲི་ནའང་དེ་དང་འབྲེལ་བའི་དྲ་རྒྱ་མང་པོ་ཡོད་པས་དེར་འབྲི་བ་ལས་འབྲེལ་མེད་བེད་སྤྱོད་མ་བྱས་རོགས་ཞེས་ཞུ་རྒྟུ་ཡིན།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད།"



བརྗོད་གཞི་གཞན་ཁག་ལ་གཟིགས།