མངོན་འདོད་རྐྱང་བསམས་ནས་མ་སྡོད།

རང་བཙན་དང་དབུ་མ་ཞེས་རྩོད་བཞིན་རྩོད་བཞིན་དྷ་ས་ནི་བོད་མིས་སྟོང་འགྲོ་བའི་ཉེན་ཁ་སླེབས་བཞག འདི་ལོ་གཅིག་པུར་དྷ་ས་ནས་བོད་མི་༣༠༠༠ལྷག་ཨ་རི་དང་ཡོ་རུབ་ཏུ་ཕྱིན་ཚར་འདུག་ཟེར། དེ་བཞིན་གདན་ས་ཆེན་པོ་གསུམ་དུ་གྲ་རྒྱུན་ཆད་བཞིན་ཡོད་པ་དང་། བོད་ཁྱིམ་གྱིས་གཙོས་སློབ་གྲ་ཁག་ཏུ་བོད་ནས་ཡོང་མཁན་ཉུང་བ། ཡོང་མཁན་ཚོ་ཡང་དམིགས་འབེན་གདན་ས་དང་སློབ་གྲ་མིན་པ། དེ་སྔོན་སླེབས་པ་ནས་ཆེས་མང་པོ་ཞིག་ཕྱི་རྒྱལ་དུ་ཆོངས་ཟིན་པ་དེ་དག་ཉེན་ཁ་ཞིག་ལ་བརྩི་དགོས་ཡོད་ན་ད་བསམ་བློ་གཏོང་དགོས་དུས་ལ་སླེབས་འདུག
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ལམ་དབུ་མ་དང་རང་བཙན་གཉིས་ཀའི་མངོན་འདོད་གཅིག་རེད། "



བརྗོད་གཞི་གཞན་ཁག་ལ་གཟིགས།