བོད་གནས་གསར་འགྱུར་ཁང་གི་ཤམ་བྷ་ལའི་ཕོ་ཉའི་ངོ་སྤྲོད།

བོད་གནས་གསར་འགྱུར་ཁང་ནི་རང་དབང་ཅན་ཞིག་དང༌། ༢༠༠༧ ལོའི་ཟླ་༣ ཚེས་༡༠ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞོན་ནུ་ཁག་ཅིག་ནས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གསར་འཛུགས་ཞུས་ཏེ་གཙོ་བོ་བོད་ཀྱི་དངོས་ཡོད་གནས་ཚུལ་དང༌། དེ་དང་འབྲེལ་བ་ཆེ་བའི་བོད་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས། མང་གཙོ་ལམ་ལུགས་དང་འཕེལ་རྒྱས། གསར་འགོད་རང་དབང༌། ཁོར་ཡུག་སྲུང་སྐྱོབ། བུད་མེད་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་དྲ་རྒྱ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འགོད་འགྲེམས་ཞུ་བཞིན་ཡོད་ལ། ད་རེས་ཤམ་བྷ་ལའི་ཕོ་ཉ་ཞེས་པའི་བོད་ཡིག་རྐྱང་པའི་དྲ་རྒྱ་ཞིག་གཟིགས་མཁན་ཁྱེད་རྣམ་པའི་སྤྱན་ལམ་འབུལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་ཡོད། དང༌། དེ་བཞིན་ཤམ་བྷ་ལའི་ཕོ་ཉ་ཞེས་པའི་བོད་དོན་དང་འབྲེལ་བ་ཡོད་པའི་གསར་འགྱུར་དང་རྩོམ་ཡིག་ཡོངས་རྫོགས་ཉིན་རེ་བཞིན་འགྲེམས་སྤེལ་ཞུ་བཞིན་ཡོད་ལ། རིམ་པས་བོད་སྐད་ཐོག་གསར་ཤོག་འགྲེམས་སྤེལ་ཞུ་རྒྱུ་ཡིན།

དྲ་རྒྱ་དང་གསར་ཤོག་གཉིས་ཀའི་ནང་བོད་ཙམ་མ་ཟད། གཙོ་བོ་རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་གསར་པ་གང་བྱུང་བ་ཁག་ཀྱང་ཞིབ་སྡུར་དང་དཔྱད་ཞིབ་ཞུས་ཏེ་འགོད་འགྲེམས་ཞུ་བཞིན་ཡོད་ལ། དྲ་རྒྱ་འདི་ྋགོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོ་དང་སྟབས་བསྟུན་ཏེ་༢༠༠༨ ལོའི་ཟླ་༡༠ ཚེས་༡༧ ཉིན་དངོས་སུ་དབུ་འཛུགས་ཞུས་པ་ཡིན།

༼གནས་ཚུལ་གྱི་རང་དབང་ནི་རང་དབང་ཐམས་ཅད་བརྟག་པར་བྱེད་པའི་གཙོ་བོའམ་གཞི་མ་ཡིན། ཞེས་༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་ཚུལ་རང་དབང་གི་ཚོགས་ཆེན་ཐོག་གཏན་ལ་ཕབ་ཡོད།༽

བཙན་བྱོལ་བོད་མི་ཚོར་མང་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་བཅས་ཀྱི་རང་དབང་ཆེན་པོ་ཡོད་པ་དང༌། དེ་དག་གི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་བསྐྱར་གསོ་བྱེད་རྒྱུར་རྒྱ་ཆེའི་གཞིས་ལུས་བོད་མི་ཚོས་བཙན་བྱོལ་དུ་གནས་པའི་བོད་རིགས་སྤུན་ཟླ་ཚོར་རེ་བ་དང་ཡི་ཆེས་ཆེན་པོ་གནང་བཞིན་ཡོད་ལ། བཙན་བྱོལ་བོད་མི་རྣམས་ལྟར་རྒྱ་ནག་གི་ཆེས་གདུག་བརྩུབ་ཅན་གྱི་བཙན་གནོན་འོག་ཏུ་གཞིས་ལུས་བོད་མི་རྣམས་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་གྱི་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་གོ་སྐབས་མེད། དེར་བརྟེན་ང་ཚོས་བོད་གནས་གསར་འགྱུར་ཁང་འདི་བརྒྱུད་བཙན་བྱོལ་སྤྱི་ཚོགས་སུ་བོད་མིའི་གསར་འགོད་ཀྱི་སྤྱི་ཚོགས་ཀྱང་ནུས་པ་ལྡན་པ་ཞིག་འཛུགས་སྐྲུན་ཞུ་ཐུབ་རྒྱུའི་ཡི་ཆེས་ཡོད། དམིགས་ཡུལ་གཞན་ཞིག་ནི་བོད་ནང་ཙམ་དུ་མ་ཟད། བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞུང་སྒེར་ཚོགས་སྡེ་ཀུན་གྱི་བར་དུ་འབྲེལ་ལམ་དང་གོ་རྟོགས་ཇེ་ལེགས་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

བོད་གནས་གསར་ཁང་གིས་༢༠༠༨ལོའི་ཟླ་༡༡ཚེས་༡༡ཉིན་བཟང་པོར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (11)
བཀྲ་ཤིས་བདེ་ལེགས།
11 ༢༨༢༠༡༠༡༡༤༥
སྤང་མདའ་དཔོན།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བཀྲིས་བདེ་ལེགས།
10 ༡༤༢༠༡༠༡༡༤༠
བོད་ལ་དགའ་བའི་བུ།
དང་ཐོག་ལོ་གསར་ལ་འཚམས་འདྲི་དང་ངའི་ཤ་ཉེ་ཞིག་གིས་ངོ་སྤྲོད་འོག་གཞི་ནས་དྲ་རྒྱ་ལེགས་པོ་འདི་དང་མཇལ་བའི་སྐལ་བ་ཐོབ་དྲ་སྒྲིག་ཇུས་བཀོད་ཧ་ཅང་ལེགས་པོ་འདུག་ཡིན་ནའང་བསམ་ཚུལ་ཞུ་རྒྱུ་ཞིག་ལ་དྲ་ངོས་འདི་དྲ་རྒྱ་ཆེ་ཁག་གམ་དྲ་རྒྱ་ཆེས་སྔར་ཐོན་འདི་དག་གི་སྟེང་དུ་ཁྱབ་སྤེལ་ངོ་སྥྲོད་བྱས་ན་ཧ་ཅང་ལེགས་སམ།
དྷོ་མཚར་ཆེ།
9 ༡༩༢༠༡༠༡༥༤༡
རྩེ་གྲི་སྒང་ཉིམ་ཚེ་རིང་།
མཁྱེན་ལྡན་གྱི་གྲོགས་པོ་ཚོ།
ཁྱེད་ཅག་ནས་བོད་མི་རིགས་ཀྱི་ལས་སྐལ་ཕྲག་ཏུ་བླངས་ཏེ་ཤམ་བྷ་ལ་ཞེས་པའི་དྲ་རྒྱ་པུན་སུམ་ཚོགས་པོ་དེ་འདྲ་ཞིག་གཉེར་བཞིན་པར་དགའ་སྤྲོ་རབ་ཏུ་བརྟས། བཀྲིན་ཆེ་ཞུ་རྒྱུ་ཡིན། ངོ་མ། དེང་དུས་འཕྲུལ་ཆས་ཡར་རྒྱས་ཉིན་རེར་ནས་ཉིན་རེར་འཕོ་་བསྒྱུར་ཤིན་ཏུ་མྱུར་བའི་དུས་འདིར། བོད་སྐྱད་ཀྱི་ལམ་ནས་དྲ་རྒྱ་དེ་ལྟ་བུ་ཞིན་ནི་ཁ་ཚ་དགོས་གཏུགས་རང་རེད་སྙམ། ལྷག་པར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་སོགས་ལ་དགེ་མཚན་ཤིན་ཏུ་ཆེ་བས་ཁྱེད་རྣམས་ཀྱི་དཀའ་སྤྱད་ལ་ཡིད་སྨོན་དང་སླད་ཕྱིན་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བཞིན་གདའོ།། །།
ཁྱེད་དྲ་གནས་མཐོང་བས་སྤྲོ་བའི་རབ་ཏུ་ཁེངས་སོང་།
8 ༡༠༢༠༡༠༠༤༥༨
སྟོང་རི་མཚོ་ནག
མི་རིགས་སྐད་རིགས་ཀྱི་བྱ་བཞག་ལ་ཐུགས་ཁུར་གནང་མཁན་དག་ལ་རྗེས་སུ་ཡི་རང་བྱེད་ཀིན་ཡོད།
ཕེབས་དང་།
7 ༡༩༢༠༠༩༡༧༣༨
མི་ནག
ཐུགས་རྗེ་ཆེ། ཡག་པོ་ཞེ་དྲག་འདུག མ་ཚད་འཕེལ་རྒྱས་དང་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་ཆེ།
མྱུར་དུ་ཕེབས་དང་།
6 ༡༩༢༠༠༩༡༧༡༨
མི་ནག
གྲོགས་པོ་ཚོ་མྱུར་དུ་ཕེབས་དང་། ཁྱོད་ཅག་གི་སླད་དུབཀོད་ལེགས་མཛེས་སྡུག་ལྡན་པའི་་སྒེར་གཉེར་དྲ་རྒྱ་ཤམ་བྷ་ལའི་ཕོ་ཉ་ཞེས་པ་གྲ་སྒྲིག་བྱས་འདུག་པས། སྐུ་ཉིད་མྱུར་དུ་ངེས་ཕེབས་ཡོང་བ་མཁྱེན།
གཟིགས་དང་།
5 ༡༩༢༠༠༩༡༦༥༡
མི་ནག་ཚོས།
གྲོགས་པོ་ཚོ། ཕེབས་དང་། ཤམ་བྷ་ལའི་དྲ་རྒྱ་འདི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད། ཁྱོད་ཉིད་ཀྱི་ཆེད་དུ་སྒེར་གཉེར་དྲ་རྒྱ་འདི་འདྲའི་ཡག་པོ་ཞིག་བཀོད་སྒྲིག་བྱས་འདུག་པས། གྲོགས་པོ་ཚོ་མྱུར་དུ་ཕེབས།
ཐུགས་ཆེ་ཞུ།
4 ༡༨༢༠༠༩༡༤༡༡
ཨ་སྤེན་ནས།
ང་ཚོས་རང་དབང་དགོས་ཞེས་སྐད་གསང་མཐོན་པོས་སྒྲོག་གི་ཡོད་ཀྱང་། ང་ཚོ་རང་ཉིད་ལ་དབང་བའི་བོད་ཡིག་དང་། བོད་སྐད་ནི་བདག་པོ་རྒྱག་མཁན་ཧ་ཅང་དཀོན་པའི་དུས་འདིར། གྲོགས་པོ་ཁྱེད་ཀྱིས་རང་དབང་ལོངས་སུ་སྤྱོད་དེ་མཛེས་སྡུག་ལྡན་པའི་༼ ཤམ་བྷ་ལ ༽ རུ་བོད་པ་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་འཛམ་གླིང་གོ་ལ་ཧྲིལ་པོར་རྒྱང་ལྟ་བྱེད་ཐུབ་པ་མ་ཟད་མི་བུ་རང་ཉིད་ཀྱིས་བསམ་ཚུལ་ཀྱང་འབྲི་ཆོག་པའི་༼ ཕོ་ཉ ༽ ཞིག་བཟོས་པར་ཐུགས་རྗེ་ཆེ་ཞུ་་་་་ཞུ། །
ཡག་ཐོག་ཡག་བརྩེགས་ཡོང་བ་ཞུ།
3 ༠༥༢༠༠༩༡༨༢༩
ནག་པོ།
དྲ་བའི་ངོས་དང་དེའི་བཀོད་པ་སོགས་བློ་འབབ་ཅིག་འདུག་ལ། ཕྱིན་གསར་བརྗེ་མགྱོགས་པ་ཉིན་འཕྲིན་ཉིན་ལ་ཐོན་པ་ཞིག་བྱུང་ན་དགའ་རབ་ཆེ།
ེརེ་སྐུལ།
2 ༠༣༢༠༠༩༡༥༡༧
མ་འོངས་པར་མུ་མཐུད་དུ་གནས་པར་ཤོག་ཞུས་པ་ཡིན
དགའ་བསུ་
1 ༢༢༢༠༠༩༢༣༥༧
དྲ་རྒྱ་འདི་དངོས་གནས་ཚད་ལྡན་ཞིག་མཐོང་སོང་་་་་་བཀའ་དྲིན་ཆེ་་་་་་བོད་མི་རིགས་ཀྱི་སྐད་ཡིག་རིགས་གཞུང་ལ་ཞལ་འདེབས་གནང་བ་་་་་རྗེས་སུ་མཇལ་ཡོང་