ཟིན་བྲིས་ཇི་ལྟར་བཟོ་ཚུལ།

རྒྱ་ཆེ་བའི་ཀློག་པ་པོ་དང་ཟིན་བྲིས་པ་རྣམས་ལ་ཆེད་ཞུ། ངེད་ཤམ་བྷ་ལ་ཕོ་ཉའི་དྲ་རྒྱའི་ཟིན་བྲིས་དེ་འཐུས་སྒོ་ཇེ་ཚང་དང་སྟབས་ཇེ་བདེ་རུ་བཏང་དང་གཏོང་བཞིན་པ་ཡིན། དེ་སྔ་ཟིན་བྲིས་ཀྱི་ཁ་བྱང་གསར་བཟོ་བྱེད་སྟངས་དང་། རང་ཉིད་ཀྱི་འདྲ་པར་ནང་འཇུག་བྱེད་ཚུལ། དེ་བཞིན་༼དེ་ལས་མང་བ་༽ཞེས་པའི་མདུན་ཤོག་ངོས་སུ་རྩོམ་ཡིག་གི་ནང་དོན་སྙིང་བསྡུས་འཇོག་སྟངས་ཐད་དཀའ་ངལ་ཅུང་ཙམ་ཡོད་མོད། ད་ནས་དེའི་རིགས་ལ་དཀའ་ཁག་གང་ཡང་མེད། འོན་ཀྱང་ཟིན་བྲིས་པ་མི་ཉུང་བ་ཞིག་ལ་དེ་སྔོན་ཉམས་མྱོངས་ཀྱིས་རྐྱེན་པས་ད་དུང་ཟིན་ བྲིས་ཐད་དཀའ་ཁག་ཡོད་ཚེ་ཁ་ཐུག་འདི་གའི་དྲ་རྒྱ་དོ་དམ་པར་སྔ་དྲོ་ཆུ་ཚོད་༩པ་ནས་ དགོང་མོ་ཆུ་ཚོད་༦པ་བར་འབྲེལ་བ་གནང་ན་རོགས་རམ་དང་ཟིན་བྲིས་བཅོས་སྒྲིག་སོགས་ཞུ་རྒྱུ་ཡིན། ད་དུང་གཤམ་དུ་ཟིན་བྲིས་སྐོར་འདྲ་པར་གྱི་ལམ་ནས་འབྲེལ་བརྗོད་ཅིག་ཞུ་རྒྱུ་ཡིན་ པས་དེ་ལ་ཡང་གཟིགས་རོགས་ཞུ། དེ་བཞིན་མ་འོངས་ཟིན་བྲིས་ཐད་དགོངས་འཆར་གང་ཡོད་ཁ་ཐུག་གསུང་ན། ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཞབས་ཞུ་བསྒྲུབ་ངེས་ལགས། རེ་སྐུལ་ཞུ་རྒྱུ་ཞིག་ནི་ཟིན་བྲིས་པ་ཡོངས་ཀྱིས་ཟིན་བྲིས་ཐོག་རང་ཉིད་ཀྱི་འདྲ་པར་དངོས་འཇོག་ཐུབ་ཚེ་དགེ་མཚན་ཧ་ཅང་ཆེ་སྙམ།

དང་པོ། ཟིན་བྲིས་ཀྱི་ཁ་བྱང་བཟོ་སྟངས།
ཐོག་མར་དྲ་རྒྱའི་གོང་གི་གཡས་ཕྱོགས་སུ་ཡོད་པའི་དེབ་སྐྱེལ་བྱོས་ཞེས་པར་བསྣུན་དགོས། འོག་གི་རེའུ་མིག་དྲ་སྒམ་དེ་ཚོ་འགེང་དགོས། ཁྱེད་ཀྱི་མིང་ཞེས་པ་དེར་ངེས་པར་དུ་བོད་ཡིག་ཐོག་ཡིན་ན་དགེ་མཚན་ཆེ། གཤམ་དུ་སྤྱོད་མཁན་གྱི་མིང་ཞེས་པ་དེ་དང་དེའི་རྗེས་གསང་ཡིག་ཟེར་བ་དེ་ཚོར་དབྱིན་ཡིག་དང་ཨང་གྲངས་ཐོག་ཡིན་རུང་གནད་འགག་མེད་ཅུང་སྟབས་བདེ་བ་ཡོད་པ་རེད་སྙམ། གསང་ཡིག་བརྟག་ཆེད་ཞེས་པ་དེའི་ནང་གོང་གི་གསང་ཡིག་དེ་རང་འཇགས་འགོད་དགོས་པ་ཡིན། དེ་བཞིན་ E-mail མྱུར་འཕྲིན་ཁ་བྱང་ཞེས་པའི་དེའི་ནང་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་འགོད་དགོས། ཁྱེད་ཀྱིས་དེབ་སྐྱེལ་ཆ་ཚང་ཟིན་རུང་ལམ་སང་ཟིན་བྲིས་འབྲི་མི་ཐུབ་པར། སྔོན་ལ་རང་ཉིད་ཀྱི་གློག་འཕྲིན་ E-mail ཁ་ཕྱེ་དགོས གློག་འཕྲིན་ནང་འཕྲིན་ཐུང་ཞིག་འབྱོར་ཡོད་པས་དེའི་ནང་ཁྱེད་ཀྱི་སྤྱོད་མཁན་གྱི་མིང་དང་གསང་ཚིག་གང་ཡིན་མཐོང་ཐུབ་ལ། དེ་དང་མཉམ་དུ་དྲ་འབྲེལ་ཞིག་སླེབས་ཡོད་པས་དེར་ངེས་པར་དུ་བསྣུན་དགོས་པ་དང་། དེ་ནས་ཁྱེད་ཀྱིས་ཟིན་བྲིས་ཀྱི་ཁ་བྱང་བཟོས་ཟིན་པ་ཡིན། གལ་སྲིད་དེབ་སྐྱེལ་དང་གོང་གི་ལས་ཀ་ཆ་ཚང་ཟིན་རུང་ད་དུང་དཀའ་ངལ་ཡོད་ཚེ། འདི་ནས་དྲ་རྒྱ་དོ་དམ་པས་ཁྱེད་ཀྱི་ཟིན་བྲིས་སྒོ་འབྱེད་དམ་རོགས་རམ་བཅོས་སྒྲིག་བྱ་ངེས་ཡིན་པས་ཉིན་ཁ་ཤས་རྗེས་སུ་ཟིན་བྲིས་སུ་ཕེབས་རོགས་ཞུ།

གཉིས་པ། ཟིན་བྲིས་སྐོར། ཟིན་བྲིས་ཀྱི་ཁ་བྱང་བཟོས་ཚར་རྗེས་ཤམ་བྷ་ལའི་དྲ་རྒྱའི་གོང་དུ་ཡོད་པའི་ཁ་བྱང་དྲ་སྒོར་འཛུལ་ཞེས་པ་དེ་ནས་འགྲོ་ན་རང་ཉིད་ཀྱི་དངོས་སུ་ཟིན་བྲིས་འབྲི་ཆོག་པ་དང་། དེ་བཞིན་སྔོན་ལ་དྲ་རྒྱའི་མདུན་ཤོག་གི་གཡོན་ངོས་སུཟིན་བྲིས་ཞེས་པ་དེ་ནས་འགྲོ་ན་ཟིན་བྲིས་དང་འབྲེལ་བའི་ཁ་བྱང་ཁག་དགུ་ཙམ་མཐོང་ཐུབ་པས་སྔོན་ལ་དེ་ཚོའི་བྱེད་ལས་རེ་རེ་བཞིན་ངོ་སྤྲོད་དང་དེ་རྗེས་འདྲ་པར་གྱི་ལམ་ནས་ཟིན་བྲིས་དངོས་སུ་འབྲི་སྟངས་སྐོར་འགྲེལ་བཤད་ཞུ་རྒྱུ་ཡིན།

ཟིན་བྲིས་བཟོ་སྟངས། འདི་ནས་ཁྱེད་ཀྱིས་ཟིན་བྲིས་ཀྱི་ཁ་བྱང་གསར་པ་ཇི་ལྟར་བཟོ་དགོས་མིན་དང་ཟིན་ བྲིས་ཇི་ལྟར་འཇུག་དགོས་མིན། དེ་བཞིན་ཟིན་བྲིས་དང་མཉམ་དུ་འདྲ་པར་ཡང་ཇི་ལྟར་སྒྲིག་འཇུག་བྱེད་དགོས་མིན་ སོགས་ཀྱི་སྐོར་འགྲེལ་བཤད་ཁག་མཐོང་ཐུབ།
ཟིན་བྲིས་བཟོ་ཚུལ་པར་རིས། འདི་ནས་ཁྱེད་ཀྱིས་གོང་གི་སྡེ་ཚན་དང་པོ་དེའི་ནང་བཞིན་ཟིན་བྲིས་ཀྱི་ཁ་བྱང་གསར་པ་ ཇི་ལྟར་བཟོ་དགོས་མིན་དང་ཟིན་བྲིས་ཇི་ལྟར་འཇུག་དགོས་མིན། དེ་བཞིན་ཟིན་བྲིས་ནང་རྩོམ་ཡིག་དང་འབྲེལ་བའི་པར་རིས་ཇི་ལྟར་འཇུག་དགོས་མིན་ སོགས་ཀྱི་སྐོར་འདྲ་པར་གྱི་ལམ་ནས་འགྲེལ་བཤད་ཁག་མཐོང་ཐུབ། ད་དུང་འདྲ་པར་སྐོར་དཀའ་ངལ་ཡོད་ཚེ་འདི་གར་འབྲེལ་བ་གནང་ན་རོགས་རམ་ཞུ་ངེས་ཡིན།
དྲ་སྒོར་འཛུལ་ས། འདི་ནི་རང་གི་ཟིན་བྲིས་ཀྱི་ཁ་བྱང་བཟོས་ཚར་རྗེས། ཟིན་བྲིས་སྤེལ་བའམ་རང་ཉིད་ཀྱི་ཟིན་བྲིས་ལ་བཅོས་སྒྲིག་སོགས་བྱེད་དགོས་ཚེ་ནང་དུ་འཛུལ་དགོས།
རང་གི་ངོ་སྤྲོད་བཅོས་སྒྲིག འདི་ནི་སྡེ་ཚན་གཞན་དེ་ཚོ་ལས་བྱེད་ལས་མང་པ་དང་གནད་འགག་ཅུང་ཆེ་བ་ཡིན། འདི་ནས་རང་ཉིད་ཀྱི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་བཅོས་སྒྲིག་བྱེད་ཐུབ་པ་མ་ཟད། འགྲམ་དུ་པར་རིས་ཞེས་པ་དེ་ནས་འགྲོ་ཚེ་རང་ཉིད་ཀྱི་ཟིན་བྲིས་ཐོག་རང་ཉིད་ཀྱི་འདྲ་པར་ཡང་འཇོག་ཐུབ། འདྲ་པར་གྱི་ཆེ་ཆུང་ནི། དཀྱུས་ལ་ pixels 400 དང་མཐོ་ཚད་ལ་ pixels 350 ཙམ་ཡིན་ན་དྭངས་གསལ་དུ་མཐོང་བར་དགེ་མཚན་ཆེ། འོན་ཀྱང་དེ་ལས་ཆེ་དྲག་ན་ནང་འཇུག་བྱ་རྒྱུར་ཁག་ཙམ་ཡོད་པ་དང་། དེ་ལས་ཆུང་དྲག་ན་རྗེས་སུ་འདྲ་པར་དེ་འཐོར་བ་ལྟ་བུ་ལས་གསལ་པོ་ཞིག་མཐོང་མི་ཐུབ།  དེ་རྗེས་འདྲ་པར་འཇོག་སྟངས་ Browse ཞེས་པ་དེ་ལ་བསྣུན་ནས་འདྲ་པར་ལེན་དགོས་པ་དང་། དེ་རྗེས་ཡར་འཇུག་ཞེས་པར་དེར་བསྣུན་ཚར་རྗེས་གཡོན་ཕྱོགས་སུ་འདྲ་པར་མ་ཤར་བར་དུ་སྒུག་དགོས། དེ་རྗེས་གསོག་ཉར་ཞེས་པ་དེ་ལ་བསྣུན་ན་འདྲ་དཔར་ནང་འཇུག་ཟིན་པ་ཡིན། ད་དུང་དེའི་ངོས་སུ་རང་གི་ངོ་སྤྲོད་བཅོས་སྒྲིག་གི་སྡེ་ཚན་དེའི་ནང་སྐོར་ཞེས་པ་དེ་ནས་རང་ཉིད་ཀྱི་ངོ་སྤྲོད་འབྲི་ས་ཡོད་པ་དང་། གཞན་ཡང་སྡེའི་ཚན་དེའི་ནང་རང་ཉིད་ཀྱི་ཟིན་བྲིས་ངོ་སྤྲོད་ཡང་འབྲི་ས་ཡོད་པས་དེ་དོན་དགོངས་འཇགས་འཚལ།
ཟིན་བྲིས་སྤེལ་ས། ཞེས་པ་འདི་ནས་རང་ཉིད་ཀྱིས་ཟིན་བྲིས་འབྲི་འགོ་བརྩམ་དགོས། གལ་སྲིད་མ་འོངས་པར་ཟིན་བྲིས་སྤུས་དག་པོ་དང་མང་པོ་སྤེལ་ཚེ་ཡིག་གཟུགས་ཆེ་ཆུང་ དང་ཚོན་ཁྲ་ལ་སོགས་པའི་བཏང་འཛིན་གྱི་ལག་ཆ་ཚང་མ་རག་ངེས་པ་དང་། གནད་འགག་ཆེ་ཤོག་ཅིག་ནི། རྩོམ་ཡིག་དེ་ལས་མང་བཞེས་པའི་མདུན་ཤོག་ཏུ་རྩོམ་ཡིག་གི་འགོ་བརྗོད་དམ་སྙིང་བསྡུས་ཤིག་ལས་མི་མཐོང་བ་བཟོ་བྱེད་དེ་ནི་འོག་ཏུ་ཡོད་པའི་བོད་ཡིག་གི་རྟགས་དེ་ལས་མང་བ་ཞེས་པ་དེ་མ་ཡིན་པར། རྩོམ་ཡིག་འབྲི་སའི་གོང་དུ་རི་མོ་མིའི་ཁ་འདྲ་བའི་འགྲམ་དུ་ཡོད་པའི་འཕྲེད་ཐིག་དེ་རེད། མདུན་ཤོག་ཏུ་ཡིག་ཕྲེང་ཇི་ཙམ་འཇོག་དགོས་པ་དེ་ཙམ་གྱི་མཚམས་སུ་མདའ་རྟགས་འཇོག་པ་དང་ཆབས་ཅིག གོང་གི་འཕྲེད་ཐིག་དེ་ལ་ཐེངས་ཅིག་བསྣུན་དགོས། དེ་ནི་གནད་འགག་ཆེ་ཤོས་ཤིག་རེད། གང་ཡིན་ཟེར་ན། གལ་སྲིད་དེ་བཞིན་མ་བཟོས་ཚེ་རྩོམ་ཡིག་ཡོངས་རྫོགས་མདུན་ཤོག་ཏུ་ཐོན་གྱི་རེད།
རང་གི་ཟིན་བྲིས། ཞེས་པ་དེ་ལ་བསྣུན་ཚེ། ཁྱེད་རང་ཉིད་ཀྱིས་དེ་སྔོན་ཟིན་བྲིས་ནང་རྩོམ་ཡིག་ག་ཚོད་བྲིས་ཡོད་པ་ཚང་མ་ས་ཆ་གཅིག་གི་ཐོག་ཏུ་མཐོང་ཐུབ། 
ཟིན་བྲིས་གཞན། ཞེས་པ་འདི་ལ་བསྣུན་ཚེ་ཟིན་བྲིས་སྡེ་ཚན་ནང་གི་མདུན་ཤོག་ཐོག་ཏུ་ཡོད་པའི་ཟིན་བྲིས་པ་གཞན་གྱི་རྩོམ་ཡིག་རྣམས་ཀློག་ཐུབ།
རང་ཉིད་ཀྱི་ངོ་སྤྲོད། དེ་རྗེས་ངོ་སྤྲོད་བཟོ་བཅོས་འདི་ནས་འགྲོ་ཚེ་རང་ཉིད་ཀྱི་ལོ་རྒྱུས་སམ་ངོ་སྤྲོད་འབྲི་ཆོག
དྲ་གྲོགས་ལ་བལྟ་བ། འདི་ནི་གལ་སྲིད་རང་གི་ངོ་ཤེས་སམ་གྲོགས་པོ་རྣམས་དྲ་གྲོགས་བཟོས་ཚེས་རང་གི་ ཟིན་བྲིས་ཀྱི་ངོ་སྤྲོད་ས་ཆ་ནས་ཁ་ཐུག་གྲོགས་པོ་དེའི་རྩོམ་ཡིག་རྣམས་ཀློག་ཐུབ།
༡༠ འབོད་སྐུལ། ཞེས་པ་འདི་ནས་འདི་གའི་རྩོམ་སྒྲིག་པས་ཟིན་བྲིས་སྐོར་གྱི་འབོད་སྐུལ་ཀློག་ཐུབ།

གསུམ་པ། ༡༽ཟིན་བྲིས་སྡེ་ཚན་གྱི་ངོས་སུ་དགོངས་ཚུལ་གསར་པ་ཞེས་པའི་སྡེ་ཚན་དེ་ནི་ཟིན་བྲིས་པ་རྣམས་ཀྱི་རྩོམ་ཡིག་གཞན་ལ་མཆན་འདེབས་དང་དགོས་ཚུལ་གསར་དུ་ཐོན་པ་དག་ཡིན། དགོངས་ཚུལ་དེ་དག་ག་དུས་སྤེལ་མིན་གྱི་དུས་ཚོད་ཀྱང་གསལ་པོ་མཐོང་ཐུབ། ༢༽བཀླགས་མང་ཤོས་ཞེས་པའི་སྡེ་ཚན་དེའི་ནང་ཟིན་བྲིས་ཀྱི་རྩོམ་ཡིག་གང་ཞིག་ཀློག་ཐེངས་མང་ཤོས་སུ་ཆགས་ཡོད་པ་དེ་དག་ཐོན་གྱི་ཡོད་པ་རེད། ༣༽ཟིན་བྲིས་དེ་ལས་མང་བ་ཞེས་པ་དེ་ནས་ཟིན་བྲིས་སྡེ་ཚན་གྱི་མདུན་ངོས་སུ་ཐོན་པའི་རྩོམ་ཡིག་དེ་དག་ལས་མང་བ་ཞིག་ཁ་ཐུག་ཀློག་ཐུབ།

བཞི་པ། སུ་ཞིག་ལ་ཟིན་བྲིས་ཀྱི་ཁ་བྱང་མེད་པ་དང་དྲ་སྒོར་མ་འཛུལ་རུང་གཞན་གྱི་ཟིན་བྲིས་དང་རྩོམ་ཡིག་ལ་དགོངས་ཚུལ་ཁ་ཐུག་སྤེལ་ཆོག གལ་སྲིད་དྲ་སྒོར་འཛུལ་ཚེ་དགོངས་ཚུལ་སྤེལ་མཁན་གྱི་མིང་དང་འདྲ་པར་ཡང་མཐོང་ཐུབ་པ་སོགས་ཀྱི་དགེ་མཚན་ཆེ། མཆན་འགྲེལ། དགོངས་ཚུལ་སྤེལ་སའི་དྲ་ཤོག་དེའི་ཐོག་ཡིག་གཟུགས་ཧ་ཅང་ཆུང་བས་རྐྱེན་གྱིས་མཐོང་ཁག་བར་བརྟེན་སྔོན་ལ་ས་ཆ་གཞན་ཞིག་གི་ཐོག་ཡི་གེ་བཏག་ན་དག་ཆ་སོགས་ནོར་འཁྲུལ་ནུང་བར་ཕན་ཐོག་ཆེ། ཟིན་བྲིས་སྤེལ་བར་དེའི་རིགས་དཀའ་ངལ་མེད། ད་དུང་ཤམ་བྷ་ལའི་ཟིན་བྲིས་སྐོར་དཀའ་ངལ་དང་དགོངས་ཚུལ་ཅི་ཞིག་མཆིས་ཚེ་གཤམ་གྱི་གློག་འཕྲིན་ཁ་བྱང་ This e-mail address is being protected from spambots, you need JavaScript enabled to view it འདིའི་ཐོག་ནས་འབྲེལ་བ་གནང་རོགས་ཞུ།

ཟིན་བྲིས་ཇི་ལྟར་བཟོ་ཚུལ་ཞེས་པ་འདི་ནི། འདི་གའི་དྲ་རྒྱ་དོ་དམ་པ་སངས་རྒྱས་ཀྱིས་བཟོ་སྒྲིག་ཞུས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (18)
18 ༢༧༢༠༡༧༢༢༥༥
ར་བཟི་བ།
ཨ་མ་དྲན། དྲན་པའི་མིག་ཆུ་ཐིགས་པ་རེ་རེ། ས་ལ་ལྷུང་།
17 ༢༤༢༠༡༦༡༨༠༥
རང་དབང་ལྡ་པའི་དྲ་རྒྱའི་ནང་ཛུལ་བྱེད་ཐུབ་སོང་བཀའ་དྲིན་ཆེ།
16 ༢༤༢༠༡༥༡༠༤༩
ཁྱེད་ལས་བྱེད་རྣམས་ལ་ཐུགས་རྗེ་ཞུ་དང་དྲ་ཚིག་འདི་ཡུན་དུ་བརྟན་པའི་སྨོན་འདུན་བཅས།
15 ༡༩༢༠༡༠༢༡༥༡
གངས་ཕྲུག་ གི་ ཚ་བོ
བཀྲ་ཤིས་བདེ་ལེགས། དྲ་རྒྱ་འདི་ཡག་པོ་འདུག ཐུགས་རྗེ་ཆེ་རང་དབང་ཅན་ཞིག་ཀྱང་རེད་འདུག དགའ་བསུ་ཡོད།
14 ༡༤༢༠༡༠༡༢༥༣
བོད་གཞི་བྱེས་མི་མང་ཡོངས་ཀྱི་རེ་འདུན་ལྟར་དྲང་བདེན་གྱི་སྐབས་གསུམ་པའི་བཀའ་ཁྲི་ཞིག་འདེབས་པར་རེ་སྒུ་ཡོད།
13 ༠༦༢༠༡༠༡༠༠༥
བཀའ་བློན་ཁྲི་པ་ཡག་པོ་ཞིག་འདེམས་རོགས།།
12 ༡༥༢༠༡༠༡༣༢༥
༅། ཁྱེད་རྣམས་ཀྱིས་མཁྱེན་གསལ་ལྟར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་ནི་ངོས་གཞིས་བྱེས་མི་བོད་ཡོངས་ལ་ཤིན་ཏུ་གལ་འགངས་ཆེ་བས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་དྲི་ཙམ་མེད་པར་རང་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་གཞན་ཕན་ལྷག་བསམ་དང་ལྡན་པའི་སྐྱེ་བོ་ཞིག་ལ་འོས་འཕེན་དགོས་པ་ལས། རང་ཐག་རང་གཅོད་ཀྱི་ཐོག་ནས་མིན་པར་གཞན་གྱི་དབང་ཤུགས་དང་རླུང་བུའི་རྒྱག་ཕྱོགས་ཀྱི་རྗེས་སུ་སྙེགས་ཚེ་དེ་ནི་རང་གི་ཐོབ་ཐང་དང་རང་དབང་ཆ་ཚང་གཞན་ལ་ཤོར་བ་དང་ཁྱད་པར་ཅི། དེར་བརྟེན་བསམ་གཞིགས་ནན་ཏན་བྱེད་དགོས་སོ།
11 ༠༦༢༠༡༠༡༣༣༠
ད་ལྟའི་དུས་རབས་འདིར་བོད་མི་ཞིག་ཡིན་ན་བོད་ཡིག་ལ་དོ་སྣང་དང་བོད་སྐད་གཙང་མ་ཤོད་རྒྱུ་གལ་ཆེ།
10 ༠༣༢༠༡༠༡༢༠༡
གྲོགས་པོ་ལགས། ངས་ཁྱོད་ཀྱི་རང་གཤིས་ལ་དོགས་བློས་ཁེངས་སོང་བས་དགོངས་དག
ཡི་གེ་འདི་ཧ་ཅང་ཆུང་དྲགས་པས་ཡིག་ནོར་ཤོར་འདུག་དགོངས་དག
ད་ལྟའི་དུས་རབས་འདིར་བརྟ་འཕྲིན་དུས་རབས་ཞིག་ཡིན་དུས་ང་ཚོ་ཡང་འདིའི་རྗེས་སྙེག་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད། འདི་ལ་བརྟེན་ནས་ང་ཚོས་སྐད་ཡིག་ཡར་རྒྱས་ཡོང་བ་ལཕན་ཐོག་རྒྱ་ཆེན་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་འགའ་ཞིག་གིས་དྲ་འབུ་རེ་བཟོས་ནས་མི་ལ་བསྙོན་འཛུགས་བྱེད་པ་དང་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁ་རྩོད་རེས་དེ་འདྲའི་ཚིག་སྣེ་ཡོང་གི་འདུག་དེ་ནི་ཧ་ཅང་ཉེན་ཁ་རེད།
7 ༠༡༢༠༡༠༠༩༠༤
དེབ་སྐྱེལ་སོགས་རིམ་པ་རྒྱུད་ཀྱང་ད་དུང་ཟིན་བྲིས་ཀྱི་ས་ཞིག་རེག་མ་སོང་། དྲ་རྒྱ་དོ་དམ་པ་ལགས་འདི་ལ་ཐུགས་ཉམས་ཤིག་མཛོད་རོགས་ཞུ།
6 ༢༥༢༠༡༠༡༡༣༣
དྲ་བ་འདིའི་སྟེང་དེབ་སྐྱེལ་ཐེངས་ཁ་ཤས་ཞིག་བྱས་པ་ཡིན། ཟིན་བྲིས་ཀྱི་ས་མིག་ད་དུང་ཡང་མ་བྱུང་བས། དྲ་རྒྱ་དོ་དམ་པས་འདི་ལ་ཐུགས་སྣང་ཞིག་མཛོད་རོགས། སྨྱུག་མིང་ལ་འབྲོང་བདག་ཡིན།
དྲ་ངོས་ཀྱི་ཡིག་ཆ་གང་ཡང་བསྐྱར་དཔར་བྱེད་མི་ཐུབ་དོན་གང་རེད།
4 ༣༠༢༠༡༠༠༩༣༤
ང་བོད་པ་ལ་དགའ་བོད་རིགས་ལ་དུངས།
3 ༢༨༢༠༡༠༡༣༣༠
རྩེ་སྐར།
དྲ་རྒྱ་འདི་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུའི་རེ་བ་ཡོད།
2 ༢༧༢༠༡༠༡༠༤༦
དགོངས་ཚུལ་གྱི་སྡེ་ཚན་འདི་རང་དུ་མ་བཞུགས་པར། དྲན་གདུང་གི་སྙན་ངག་དབྱངས་སུ་གྱེར་བཞིན་ཤམ་བྷ་ལའི་ཟིན་བྲིས་ནང་ཕེབས་ཤོགས་དང་། སྐུ་ཉིད་ཀྱི་སྦྲང་རྩི་ལས་མངར་བའི་སྙན་རྩོམ་དག་ལང་སེང་མིག་ལམ་དུ་འཆར་ཐུབ་པས་མ་ཚད། ཡིག་གཟུགས་ཆེ་ཆུང་དང་ཚོན་མདོག་སོགས་བཟོ་བཅོས་འདོད་བློ་ཁེངས་པ་རེའང་བྱེད་ཐུབ། ཐོག་མར་ཟིན་བྲིས་ཀྱི་ཁ་བྱང་བཟོ་སྐབས་དཀའ་ཁག་མཆིས་ཚེ། ཟིན་བྲིས་བཟོ་སྟངས་ངོ་སྤྲོད་ལ་གཟིགས་རོགས། ཐུགས་རྗེ་ཆེ།
ཁྱོད་དྲན་པའི་ཉིན་མོ།
ཁྱེད་རང་མེད་པའི་ལོ་ཟླའི་ནང་
དུས་ཚིགས་ལ་དྲོད་འཁོལ་མེད་པས
ངའི་ཁང་མིག་ཆུང་ངུ
གངས་ཐང་ལ་བཏབ་པའི་བང་སོ་བཞིན
དྲོད་འཁོལ་མེད་པའི་ལོ་ཟླའི་ནང
ཉི་གཞོན་ཁོ་ནས
ངའི་འཇིག་རྟེན་གྱི་མུན་པ་སེལ་མི་ཐུབ་པས
མཚམས་སྤྲིན་གྱི་བསླུ་བྲིད་ལ་སྡིགས་མཛུ་སྟོན་བཞིན
མེ་ཏོག་གི་འཛུམ་ཀོང་ལ་སྙན་ངག་གི་མངར་ཁ་བསྐྱིལབའི
ཁྱེད་རང་མེད་པའི་ལོ་ཟླའི་ནང
སྐར་ཚོགས་ཀྱི་ཕམ་ཉེས་ཚོར་བས
ཅི་ཞིག་རླན་པས
ངའི་མཁུར་ཚོས་ནས་བཞུར་བའི་མི་ཏིག་རྡོག་པོ
ནམ་ཡང་སྐམ་མ་མྱོང།